ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣ རེས་གཟའ་མིག་དམར།
༄༅། ། ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་གསར་དུ་འོས་འདེམས་གནང་པའི་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲ་ཤིས་རྒྱལ་སོན་ལགས་དང་། སྡེ་དཔོན་གཞོན་པ་སྐུ་ཞབས་ཚེ་རིང་དབང་ཕྱུག་ལགས་རྣམ་གཉིས་ལ་འཚམས་འདྲི་ཞུས་འདུག
སྐབས་དེར་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞི་ཆགས་ཀྱི་གནས་སྟངས་དང་། ལས་དོན་མཇུག་སྐྱོང་དགོས་པ་ཁག་གསལ་འདོན་གནང་འདུག་པ་བཅས། །