ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༢ ནས་ཕྱི་ཟླ་ ༡༢ ཚེས་ ༩ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་མཇལ་འཕྲད་དང་། ཨ་རིའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ། ལྷག་པར་ད་ཡོད་ཨ་རིའི་སྲིད་གཞུང་འཕོ་འགྱུར་མ་འགྲོ་གོང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁྲིམས་འཆར་ཐོག་ཤུགས་སྣོན་དང་མཇུག་སྐྱོང་། དེ་བཞིན་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་ཞུས་པའི་བགྲོ་གླེང་ཁག་ཏུ་མཉམ་ཞུགས་གནང་རྒྱུ་སོགས་ཀྱི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་བཅས།།