ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཕུར་བུའི་ཉིན་ཏི་ཛུ་དར་རྒྱས་་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དོན་གྲུབ་བཟང་པོ་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་བསྟན་འཛིན་རྣམ་རྒྱལ་ལགས་རྣམ་གཉིས་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་ཡོད།
སྐབས་དེར་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ལ་ས་གནས་མཉམ་དྲུང་པདྨ་ཚེ་དབང་ལགས་ནས་སྤྲོད་དཔང་གིས་འགན་ཁུར་བཞེས་པའི་ཐོག་ས་གནས་འགོ་འཛིན་གསར་རྙིང་དབར་ས་འགོའི་བདག་དབང་དུ་ཡོད་པའི་རྩ་འཛིན་གྱིས་གཙོས་ལས་ཁུངས་ཀྱི་ཡིག་སྣོད་སོགས་རྩིས་ལེན་རྩིས་སྤྲོད་གནང་ཡོད།
སྐབས་དེར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་འགོའི་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད་པ་བཅས། །