ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༤ ཉིན་ཨོ་སི་ཊོ་ལི་ཡའི་ནང་གི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ དང་རྒྱ་གར་ནང་གི་སྔ་དྲོ་ཆུ་ཚོད་ ༩ སྟེང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཆ་ཤས་སུ་ཨོ་གླིང་བོད་རིགས་གཞོན་སྐྱེས་ཚོས་༧རྒྱལ་བའི་བཀའ་དྲིན་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཞོན་སྐྱེས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཆབ་སྲིད་དང་། ཚེ་དབང་ཐུབ་བསྟན་ལགས་ཀྱིས་ཁོར་ཡུག པདྨ་སྒྲོལ་དཀར་ལགས་ཀྱིས་ཤེས་ཡོན། ཚེ་རིང་བསམ་མཁར་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་ཞི་བདེ་བཅས་ཀྱི་སྐོར་གསུང་བཤད་གནང་གཏན་འཁེལ་ཡོད། བསྟན་འཛིན་ལྷ་དར་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་རྒྱུ་དང་། དྲ་ཐོག་གི་བགྲོ་གླེང་འདི་བཞིན་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པ་ནས་ཐད་གཏོང་གནང་རྒྱུ་ཡིན་པ་བཅས།།