ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༩ རེས་གཟའ་པ་སངས་ཉིན་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་རྒྱ་བརྒྱུད་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དུས་སྐབས་སུ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་བོད་དོན་ལས་འགུལ་ནུས་ལྡན་ངང་ཇི་ལྟར་སྤེལ་དགོས། How to Effectively Campaign for Tibet in the EU under the Pandemic Situation ཞེས་པའི་བརྗོད་གཞིའི་ཐོག་བགྲེ་གླེང་གནང་གཏན་འཁེལ་འདུག
དེ་ཡང་གོང་གི་བགྲེ་གླེང་གི་ལས་རིམ་འདི་བཞིན་གཙོ་སྐྱོང་གནང་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མི་ཀུ་ལ་པེག་ས་ Mikula’s Peksa ལགས་ཡིན་པ་དང་། སྐབས་དེར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གི་དུས་སྐབས་འདིར་བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྟེང་ཇི་ལྟར་གསལ་འདོན་གནང་དགོས་སྐོར་དང་། ཉེ་ཆར་ཡུ་རོབ་སྤྱི་མཐུན་ཚོགས་པ་
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་དང་། སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས། གྲོས་ཚོགས་འཐུས་མི་དྲུག་མཉམ་ཞུགས་གནང་གཏན་འཁེལ་ཡོད། གལ་ཏེ་མཉམ་ཞུགས་གནང་ཐུབ་ཚེ་སྐུ་ཚབ་གཏང་གནང་རྒྱུ་ཡིན་འདུག་པ་བཅས། །