ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་སམ་བྷོ་ཊ་སློབ་གྲྭའི་དགེ་ཆེ་ཟླ་བ་ཚེ་རིང་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༦ ཉིན་མན་སྤར་ཕན་བདེ་གླིང་ས་གནས་འཐུས་ཚོགས་སྐབས་ ༨ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༡ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་སངས་རྒྱས་བསྟན་འཛིན་ལགས་དང་། ཚོགས་གཞོན་བསོད་ནམས་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་བཅས། །