ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་གཞིར་བཟུང་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་ཟླ་འདིའི་ནང་བཙན་བྱོལ་ནང་གི་བུད་མེད་གཙོ་བོར་གྱུར་པའི་བོད་མི་ཡོངས་ལ་རྩུབ་སྤྱོད་རིགས་འགོག་ཐབས་ཀྱི་ལམ་སྟོན་ CTA’s Guidelines for Prevention, Prohibition and Redressal of Sexual and Gender-Based Violence for Tibetans -in -exile ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ནས་ལམ་སྟོན་དཔེ་དེབ་དེའི་བརྒྱུད་ནས་བོད་མིའི་ཁྲོད་རྩུབ་སྤྱོད་སོགས་བྱ་སྤྱོད་ངན་པ་རིགས་རྩ་བ་ནས་མེད་པ་བཟོ་རྒྱུར་འབད་བརྩོན་བྱེད་བཞིན་པ་དང་། གལ་ཏེ་དེ་ལྟ་བུ་གནས་ཚུལ་འབྱུང་ཚེ་བཟོད་བྲལ་སྲིད་བྱུས་ལག་བསྟར་གནང་རྒྱུ་ཡིན།
ལམ་སྟོན་དཔེ་དེབ་དེའི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་བོད་མིའི་ཁྲོད་རྩུབ་སྤྱོད་རིགས་སོགས་མི་ཡོང་བ་བྱ་རྒྱུ་དེ་ཡིན།
ཕྱི་ལོ་ ༢༠༡༩ ལོར་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་སྙན་ཐོ་གཞིར་བཟུང་རྒྱ་གར་དང་བལ་ཡུལ་ཁུལ་དུ་བོད་པའི་བུད་མེད་ཁྲོད་རྩུབ་སྤྱོད་རིགས་བྱུང་ཡོད་པར་བརྟེན་ད་རེས་ལས་གཞི་འདི་བརྒྱུད་མང་ཚོགས་ཁྲོད་གོ་རྟོགས་རྒྱ་ཆེ་སྤེལ་བཞིན་ཡོད་པ་བཅས། །