ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༣ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་
སྐབས་དེར་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་དགོན་པའི་མདུན་ཐང་དུ་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་གནང་བའི་ཐོག་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་པན་ཀཇ་གྷོ་ཡལ་ Pankaj Goyal ལགས། དེ་བཞིན་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན་སོགས་ལྷན་འཛོམས་ཀྱིས་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར། དེ་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་དང་། དེ་དག་གི་རྗེས་ཤུལ་ནང་མི་སྤུན་མཆེད་རྣམ་པ། འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་མི་མང་འབུམ་ཕྲག་མང་པོ་འདས་གྲོངས་སུ་གྱུར་བ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་བྱེད་སྐར་མ་གཅིག་རིང་མྱ་ངན་ངག་གཅད་ཞུས།
དེ་ནས་འཇིགས་མེད་ཚུལ་ཁྲིམས་ལགས་དང་གོམ་བགྲོད་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བཅས་ནས་གསུང་བཤད་གནང་གྲུབ་མཚམས་སེར་སྐྱ་མང་ཚོགས་ནས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་དང་།
ཕྱི་ཚེས་ ༩ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཞི་བའི་གོམ་བགྲོད་པ་རྣམས་དང་། ས་གནས་ཀྱི་ཚོགས་པ་ཁག་གི་ཚོགས་མི་རེ་བཅས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་གི་གཞུང་ཚབ་ཁང་དུ་དགོས་འདུན་དོན་ཚན་གསུམ་ཅན་གྱི་ཡིག་ཆ་འགྲེམས་སྤེལ་ཞུས་ཡོད་པ་བཅས། །