ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཉི་མ།
༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ གས་གཙོ་པདྨ་འབྱུང་གནས་མཆོག་གིས་ གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཁེ་ན་ཌའི་ཨོན་ཊེ་རིའོ་ Ontario མངའ་སྡེའི་གྲོས་ཚོགས་འཐུས་མི་བུ ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་ཁེ་ ན་ཌའི་ཨོན་ཊེ་རིའོ་མངའ་སྡེའི་གྲོ ས་ཚོགས་སུ་ཕྱི་ཟླ་བདུན་པ་ནི་བོ ད་ཀྱི་རིག་གཞུང་གཅེས་སྐྱོང་གི་ ཟླ་བ་ལ་ངོས་འཛིན་གནང་དགོས་པའི་ ཁྲིམས་འཆར་བཏོན་གནང་བར་ཐུགས་རྗེ ་ཆེ་ཞུས་དང་། དེ་བཞིན་ཁེ་ན་ཌའི་ཨོན་ཊེ་རིའོ་ Ontario མངའ་སྡེའི་གྲོས་ཚོགས་འཐུས་མི་རྣ མ་པས་ཁྲིམས་འཆར་དེར་སྤྱི་མོས་ཐོ ག་ཁྲིམས་སུ་གཏན་འབེབས་གནང་བར་ཁོ ང་ལ་དགའ་བསུའི་འཚམས་འདྲི་ཞུས་ གནང་འདུག
དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུ ང་དོན། ཁྱེད་ཀྱིས་མངའ་སྡེའི་གྲོས་ཚོགས་ སུ་བསྣམས་པའི་ལོ་རྒྱུས་རང་བཞིན་ ལྡན་པའི་ཁྲིམས་འཆར་ལོ་ལྟར་ཕྱི་ ཟླ་བདུན་པ་ནི། བོད་ཀྱི་རིག་གཞུང་གཅེས་སྐྱོང་གི ་ཟླ་བ་ Tibetan Heritage month ལ་སྲུང་བརྩི་བྱ་རྒྱུའི་ཐོག་ཨོན་ ཊེ་རིའོ་ Ontario མངའ་སྡེའི་གྲོས་ཚོགས་འཐུས་མི་རྣ མ་པས་སྤྱི་མོས་ཐོག་ཁྲིམས་སུ་ གཏན་འབེབས་གནང་བར། ང་ཚོས་ཁེ་ན་ཌའི་གཞུང་མང་གཉིས་ དང་། ལྷག་པར་དུ་ཨོན་ཊེ་རིའོ་ Ontario མངའ་སྡེའི་གྲོས་ཚོགས་འཐུས་མི་རྣ མ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཁྱེད་ཀྱིས་མངའ་སྡེའི་གྲོས་ཚོགས་ ནང་ཕྱི་ཟླ་བདུན་པ་དེ་བཞིན་བོད་ ཀྱི་རིག་གཞུང་གཅེས་སྐྱོང་ཟླ་བར་ སྲུང་བརྩི་བྱེད་དགོས་པ་གསལ་པོར་ གསུངས་པ་དང་། དེ་ཡང་ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༦ ཉིན་འཛམ་གླིང་ས་ཕྱོགས་གང་སར་ གནས་པའི་བོད་མི་རྣམས་ཀྱིས་ཁེ་ན་ ཌའི་ཆེས་མཐོའི་མི་སེར་ཡིན་པ་བོ ད་མིའི་བླ་ན་མེད་པའི་དབུ་འཁྲིད་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེ ན་པོ་མཆོག་གི་སྐུའི་འཁྲུངས་སྐར་ སྲུང་བརྩི་ཞུ་བཞིན་ཡོད་སྟབས། ཕྱི་ཟླ་བདུན་པ་ནི་བོད་མི་ཚོར་ཤི ན་ཏུ་ནས་གལ་འགངས་ཆེན་པོ་ཡིན་སྐོ ར་གསུངས་ཡོད། ཁྲིམས་འཆར་དེའི་དམིགས་ཡུལ་ནི་ཁེ ་ན་ཌ་ཨོན་ཊེ་རིའོ་མངའ་སྡེའི་ནང་ གནས་སྡོད་བོད་མི་ཚོས་བོད་པའི་ འཐབ་རྩོད་ཐོག་ནུས་པ་སྤུངས་པ་རྣ མས་ངོས་འཛིན་གནང་རྒྱུ་ཙམ་མ་ཡིན་ པར། རྒྱ་ཆེ་ས་ནས་བོད་དོན་གོ་རྟོགས་ སྤེལ་ཆེད་ཡིན། ཁྱེད་ཀྱིས་ད་རེས་ཀྱི་གྲུབ་འབྲས་ ཐོག་སྐུ་ལས་ཧ་ཅང་བསྐྱོན་པར་ང་ཚོ ས་བསྔགས་བརྗོད་དང་དགའ་བསུ་ཞུ་རྒྱུ ་ཡིན།
ཁྱེད་ནི་བོད་རིགས་ཤིག་བྱང་ཨ་རི འི་ཆབ་སྲིད་ལ་ཞུགས་ནས་གཞུང་གི་ ལས་གནས་ཐོག་བདམས་ཐོན་བྱུང་བ་ཐོ ག་མ་ཆགས་ཀྱི་ཡོད་པ་དང་། དེ་ནི་ཕྱི་ལོ་ ༢༠༡༨ ལོར་ཁྱེད་རང་ཨོན་ཊེ་རིའོ་མངའ་སྡེ འི་གྲོས་ཚོགས་འཐུས་མིར་བདམས་ཐོ ན་བྱུང་ཞིང་། དུས་དེ་ནས་བཟུང་ཁྱེད་ཀྱིས་མངའ་ སྡེའི་གྲོས་ཚོགས་ནང་བོད་ཀྱི་ཛ་ དྲག་གནས་སྟངས་དང་། གདུག་རྩུབ་ཅན་གྱི་རྒྱ་ནག་དམར་ གཞུང་འོག་བོད་ཀྱི་ཐུན་མོང་མ་ཡི ན་པའི་རིག་གཞུང་རྩ་བརླག་ཏུ་འགྲོ ་ཉེན་ཡོད་སྐོར་གླེང་སློང་བསྟུད་ མར་གནང་གི་ཡོད།
རྒྱ་དམར་གཞུང་གིས་ཁྲིམས་འགལ་ཐོ ག་བོད་ས་བཙན་བཟུང་བྱས་པར་བརྟེན། ད་ལྟའི་དམར་གཞུང་འོག་བོད་ཀྱི་སྐ ད་ཡིག་དང་། རིག་གཞུང་། ལོ་རྒྱུས་སོགས་རྩ་བརླག་འགྲོ་རྒྱུ འི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་ པའི་ངོ་བོ་སྲུང་སྐྱོབ་དང་།གོང་ སྤེལ་གཏོང་རྒྱུ་ནི་བཙན་བྱོལ་ནང་ ཡོད་པའི་བོད་མི་ཚང་མར་འཁྲི་བའི་ བཟང་སྤྱོད་ཀྱི་འོས་འགན་ཞིག་ཡིན་ པ་མ་ཟད། མི་རིགས་གཞན་རྣམས་ལ་བོད་ནང་གི་ དངོས་ཡོད་གནས་ཚུལ་ངོ་སྤྲོད་གནང་ སྟེ་བོད་ནང་གི་བོད་མིའི་ཚོའི་ མགྲིན་ཚབ་བྱ་རྒྱུ་ཡང་ང་ཚོའི་ཕྲ ག་ཏུ་བབ་པའི་འགན་འཁྲི་ཡིན། ཁྱེད་ཀྱིས་བཟང་སྤྱོད་ཀྱི་འགན་ འཁྲི་དག་ཆེ་མཐོང་དང་གཟི་བརྗིད་ ལྡན་པའི་ཐོག་སྒྲུབ་བཞིན་ཡོད་པ་ དང་། དེ་ནི་གཞན་གྱི་མིག་དཔེ་བལྟ་ཡུལ་ ཞིག་ཆགས་ཡོད།
བོད་མི་ཞིག་ཡིན་པའི་ཆ་ནས། ཁྱེད་ཀྱིས་ང་ཚོའི་བོད་ཀྱི་རིག་ གཞུང་སྲུང་སྐྱོབ་ཐོག་རླབས་ཆེན་ གྱི་ཞབས་འདེགས་ཞུས་པར་བཀའ་དྲིན་ ཤིན་ཏུ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། ཁྱེད་ཀྱིས་བོད་དོན་ཐོག་སྐུ་ངལ་ ཧ་ཅང་བསྐྱོན་པར་བསྔགས་བརྗོད་ཞུ་ རྒྱུ་དང་། མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོ ངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་ རྒྱུ་ཡིན།
ཁྱེད་ཀྱིས་མུ་མཐུད་སེམས་ཤུགས་མ་ ཆག་པའི་ཐོག་ལས་དོན་བསྒྲུབ་རྒྱུ ར་ང་ཚོས་ཡིད་ཆེས་ཡོད་ཅེས་འཁོད་ གནང་འདུག་པ་བཅས། །