ཕྱི་ལོ་༢༠༢༠ ཟླ་ ༡༠ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཉེ་ཆར་བོད་དོན་རྒྱབ་སྐྱོར་བ་རྒན་གྲས་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ། ཤེས་ལྡན་མི་སྣ་གྲགས་ཅན། དེ་བཞིན་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་གཉིས་པ་པདྨ་ཝི་བྷུ་ཤན་ Padma Vibhushan བཞེས་མྱོང་མཁན་ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་ Kapila Vatsyayan མཆོག་དགུང་ལོ་ ༩༡ ཐོག་སྐུ་ཚེའི་འཕེན་པ་རྫོགས་པར་བརྟེན་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣༠ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་ཐོག་ནས་ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་མཆོག་རྗེས་དྲན་གྱི་བགྲོ་གླེང་བསྐོང་ཚོགས་གནང་ཡོད།
ཐེངས་འདིའི་རྗེས་དྲན་གྱི་བགྲོ་གླེང་ཐོག་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ལྦར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ R.K.Khrimey ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སློབ་དཔོན་སྐུ་ཞབས་ཨ་ནན་དྷ་ཀུ་མར་ Prof. Anand Kumar ལགས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དང་བོད་མི
དེ་ཡང་བགྲོ་གླེང་གི་ཐོག་མར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས། བགྲོ་གླེང་གོ་སྒྲིག་གནང་དགོས་པའི་སྐོར་ངོ་སྤྲོད་གནང་རྗེས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་བྷུཏ་བྷི་ཧར་དུ་ཡོད་པའི་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་སྨོན་ལམ་གསུང་འདོན་གནང་གྲུབ་མཚམས་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། ང་ཚོས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་རྒྱ་གར་གྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་ཡིན་ན། རྒྱ་གར་ནང་རླབས་ཆེན་གྱི་མི་སྣ་ཁ་ཤས་ཤིག་བྱུང་ཡོད་པ་དང་། ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་མཆོག་ནི་རླབས་ཆེན་གྱི་མི་སྣ་དེ་དག་གི་ཁྲོད་ནས་གཅིག་རེད། ཅེས་དང་། ངས་དམ་པ་ཁོང་མགྱོགས་མྱུར་མི་ལུས་རིན་པོ་ཆེའི་སྐྱེ་བ་བླངས་ནས་འགྲོ་བ་མི་ལ་ཞབས་འདེགས་མུ་མཐུད་བསྒྲུབ་ཐུབ་པའི་སྨོན་ལམ་འདེབས་བཞིན་ཡོད། ཅེས་གསུངས།
དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས། ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་མཆོག་གིས་ལྦར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་དང་ཡར་རྒྱས་སླད་ཞབས་འདེགས་རླབས་ཆེན་ཞུས་ཡོད། ཅེས་གསུངས།
ཀརྨ་ཆོས་དབྱིངས་ལགས་ཀྱིས། ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་མཆོག་གིས་བོད་དོན་དང་བོད་མིར་རྒྱབ་སྐྱོར་དང་རོགས་རམ་གནང་བ་དེ་དུས་རྟག་ཏུ་དྲན་བཞིན་ཡོད། ཅེས་གསུངས།
རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་ཀྱིས། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དུས་ཚོད་བཏང་གནང་སྟེ་གོ་རྟོགས་སྤེལ་བར་ཐུགས་རྗེ་ཆེ་ཞུས་ཡོད། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་ཐུགས་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།