ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ཕུར་བུའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་གཙོ་གླེང་སྟེགས་ཀྱི་གོ་སྒྲིག་བྱས་པའི་བགྲོ་གླེང་ཐོག་གསུང་བཤད་གནང་དོན། སྐུ་ཞབས་ Humphrey Hawksley ལགས་ཀྱིས་གུས་པའི་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་ང་རང་བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་གནང་བའི་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་ཡོད། གང་ཡིན་ཟེར་ན་ཕྲན་རང་ཕྱི་ཚེས་ ༢༡ ཉིན་ཨ་རི་ནས་རྒྱ་གར་དུ་འབྱོར་བ་ཡིན། གླེང་མོལ་གྱི་ལས་རིམ་འདི་ཉིད་གལ་ཆེ་བརྩིས་བའི་ཐོག་ནས་བཅར་བ་ཡིན། གོང་དུ་སྐུ་ཞབས་ Lord Bruce ལགས་ཀྱིས་རྒྱ་ནག་གཞུང་ནས་དྲག་པོའི་ཁྲིམས་ལག་བསྟར་བྱེད་བཞིན་ཡོད་པ་དེ་མཐར་ཐུག་གི་གྲུབ་འབྲས་ནམ་ཡང་སྨིན་མི་ཐུབ། སྔ་ཕྱི་མ་གཏོགས་བདེན་པར་རྒྱལ་ཁ་ཐོབ་ཀྱི་རེད། ཅེས་གསུངས་པ་ལྟར། ང་ཚོ་བོད་མི་ངོས་ནས་ཀྱང་དེ་དེ་བཞིན་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དུས་རྒྱུན་དུ་སྔ་ཕྱི་མ་གཏོགས་བོད་ནང་དྲང་བདེན་གྱི་རྒྱལ་ཁ་མྱུར་དུ་ཤར་གྱི་རེད། ཅེས་བཀའ་སློབ་ཡང་ཡང་ཕེབས་ཡོད་པར་བརྟེན་ང་ཚོས་ཀྱང་དེའི་ཐོག་བསྐྱོད་བཞིན་ཡོད།
ང་ཚོ་དེ་རིང་དྲ་རྒྱ་བརྒྱུད་གླེང་མོལ་བྱེད་དགོས་དོན་ནི་ད་ཆ་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་སུ་ཛ་དྲག་གི་དུས་སྐབས་ཤིག་འགྱུར་ཡོད་པར་བརྟེན་ང་ཚོ་དངོས་སུ་ཐུག་རྒྱུ་མེད་པ་དང་། དཔལ་འབྱོར་ཉམས་རྒུད་ཕྱིན་པ། སྤྱི་ཚོགས་ཀྱི་དཀའ་ངལ་སོགས་དཀའ་ངལ་འཚབ་ཆེ་འཕྲད་ཡོད། དཀའ་ངལ་དེ་དག་ནི་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ནམ་ཡང་བརྗེད་རྒྱུ་མེད་པ་མ་ཟད། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་དགོས། ཏོག་དབྱིབས་གཉན་རིམས་ཐོག་མར་ཁྱབ་བརྡལ་བྱུང་བའི་སྐབས་རྒྱ་ནག་གཞུང་གིས་གནས་ཚུལ་རྣམས་སྦས་གསང་བྱས་པར་བརྟེན་མི་མང་པོ་ཞིག་འདས་གྲོངས་སུ་འགྱུར་ཡོད། གལ་ཏེ་གནས་ཚུལ་རྣམས་དུས་ཐོག་ཤེས་ཚེ་མི་མང་པོ་ཞིག་གི་ཚེ་སྲོག་སྐྱོབ་ཐུབ་ངེས་རེད།
གཉིས་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བཙན་བྱོལ་བོད་མི་རྣམས་ནས་མང་གཙོ་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད། ངའི་སྲིད་སྐྱོང་གི་ལས་གནས་དེ་ཡང་བཙན་བྱོལ་བོད་མི་རྣམས་ནས་བདམས་པ་ཞིག་ཡིན། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ལ་སྤྱི་འཐུས་ལྷན་ཚོགས་ཡོད། ལོ་རེར་གྲོས་ཚོགས་ཐེངས་གཉིས་རེ་འཚོགས་ཀྱི་ཡོད་པ་མ་ཟད། གྲོས་ཚོགས་ཀྱི་ལས་རིམ་ཐད་སྲིང་གནང་གི་ཡོད། བོད་མི་མང་སྤྱི་འཐུས་རྣམ་པའི་དྲི་བར་བཀའ་ཤག་ནས་ལན་འདེབས་གནང་དགོས་ཀྱི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལས་དོན་དེ་ལྟར་ལག་བསྟར་གནང་གི་ཡོད། ཁྱེད་ཚོའི་སྐྱབས་བཅོལ་བ་ཚོས་ཀྱང་དེ་བཞིན་གནང་སྟེ་མང་ཚོགས་ཀྱི་བདེ་དོན་སྒྲུབ་ཐུབ། ད་ཆ་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དུས་སྐབས་སུའང་བོད་མིའི་སྒྲིག་འཛུགས་ནས་རང་དབང་ཡོད་པའི་རྒྱལ་ཁབ་ཁག་ལས་ལྷག་ནད་ཡམས་སྔོན་འགོག་སླད་ལས་གཞི་ཧ་ལས་པ་ལག་བསྟར་གནང་བཞིན་ཡོད། དེར་བརྟེན་མང་གཙོ་ལམ་ལུགས་འདི་བཞིན་ག་དུས་ཡིན་ཡང་གྲུབ་འབྲས་བཟང་པོ་ཐོན་གྱི་ཡོད། རྒྱ་ནག་ནི་མང་གཙོ་ལམ་ལུགས་ལག་བསྟར་མི་བྱེད་མཁན་ཞིག་ཡིན། ཕྱི་ལོ་ ༢༠༡༨ ལོར་ངས་ང་ཚོས་རྒྱ་ནག་བསྒྱུར་བ་གཏོང་དགོ
ཚང་མས་མཁྱེན་གསལ་ལྟར་དེ་སྔ་བོད་རང་བཙན་ཡིན་པའི་སྐབས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྙོག་གླེང་གང་ཡང་མེད་པ་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་དབར་རྙོང་གླེང་ཡང་ཡང་ཡོང་གི་ཡོད། བོད་ཀྱི་གནད་དོན་གསལ་མ་ཐུབ་པར་རྒྱ་དཀར་ནག་དབར་ས་མཚམས་ཀྱི་རྩོད་རྙོག་སེལ་མི་ཐུབ། ཁོར་ཡུག་ཐོག་ནས་བཤད་ནའང་བོད་ནི་ཨེ་ཤི་ཡའི་ཆུ་མཛོད་ལྟ་བུ་ཡིན་པས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཡོངས་ལ་གལ་ཆེན་པོ་ཆགས་ཡོད། དེ་སྔ་རྒྱ་ནག་གཞུང་གིས་ UN water sharing ཞེས་པའི་ཐོག་ས་རྟགས་བཀོད་མེད། རྒྱ་ནག་གཞུང་གི་བོད་ནང་ཆུ་མཛོད་མང་པོ་རྒྱག་བཞིན་ཡོད་སྟབས། ད་ཆ་རྒྱ་གར་གྱིས་གཙོས་རྒྱལ་ཁབ་གཞན་ཁག་གཅིག་ལའང་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད། ཅེས་དང་།
ད་ཆ་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་འོག་གནས་སྟངས་ཇེ་ཞན་དུ་གྱུར་ཡོད་པ་དང་། བོད་དང་ཤུར་ཏུར་ཀི་སི་ཐན་སྐོར་རང་དབང་གི་ཉམས་ཞིབ་པ་ཨེ་ཌི་རི་ཨན་ཛན་ཛི་ Adrian Zenz ལགས་ཀྱིས། བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་ཞེས་པའི་སྲིད་བྱུས་འོག་རྒྱ་ནག་གཞུང་གིས་བོད་ནང་ངལ་རྩོལ་བསྒྱུར་བཀོད་ཁང་ཞེས་པ་གསར་འཛུགས་བྱས་ཏེ་ཕྱི་ལོ་ ༢༠༢༠ ལོའི་ལོ་འགོ་ནས་བཟུང་ཕྱི་ཟླ་ ༧ བར་ཁྱོན་བོད་མི་འབུམ་ལྔ་ལྷག་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ནས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་མ་ཟད། བོད་མི་རྣམས་ལ་བཙན་གྱིས་ལྟ་བ་བསྒྱུར་ཐབས་བྱས་པ་དང་། སོ་ལྟའི་པར་ཆས་བཙུགས་པ། ཉེས་ཆད་ལྕི་མོ་བཅད་པ། དམག་མི་ལྟ་བུའི་སྦྱོང་བརྡར་སྤྲད་པ་ཁོང་གིས་ཉམས་ཞིབ་ཀྱི་སྙན་ཐོའི་ནང་བཀོད་ཡོད།
རྒྱ་ནག་གཞུང་གིས་མིང་འདོགས་འདྲ་མིན་སྣ་ཚོགས་ཀྱི་འོག་བོད་ཡུལ་རྒྱ་ཡུལ་བསྒྱུར་བའི་ཕུགས་དམིགས་ལྡན་པའི་སྲིད་བྱུས་འོག་གཞིས་བཞུགས་བོད་མི་རྣམས་བསམ་བརྗོད་ལས་འདས་པའི་དཀའ་སྡུག་རྒྱུན་ཆད་མེད་པ་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་བཞིན་ཡོད།
རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་