ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ལྕམ་སྐུ་ཇེ་སིན་ཌ་ཨར་ཌེན་ Jacinda Ardern མཆོག་ནིའུ་ཛི་ལེནྜི་ New Zealand ཡུལ་གྱི་སྲིད་བློན་དུ་སླར་ཡང་འོས་འདེམས་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་གནང་དོན། ད་རེས་ལྕམ་སྐུ་ཇེ་སིན་ཌ་ཨར་ཌེན་མཆོག་ལ་ཚད་མཐོ་བོའི་རྒྱལ་ཁ་ཐོབ་པ་ནི་ཁོ་མོའི་འཇོན་ཐང་དང་རྣམ་དཔྱོད་ལྡན་པའི་དབུ་ཁྲིད་ཅིག་ཡིན་པ་གསལ་འདོན་གནང་ཡོད། ཁོང་ལྟ་བུ་དབུ་ཁྲིད་འཛམ་གླིང་འདིའི་སྟེང་མང་པོ་དགོས་ཀྱི་ཡོད། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་མཆོག་སླར་ཡང་ནིའུ་ཛི་ལེནྜིའི་སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འདྲི་གྲངས་མེད་ཞུ་ཡི་ཡོད།
ཐེངས་འདིའི་རྒྱལ་ཁ་དེས་ས་གནས་མང་ཚོགས་ནས་ལྕམ་སྐུ་མཆོག་གི་རྣམ་དཔྱོད་ལྡན་པའི་དབུ་ཁྲིད་དང་ཆབ་སྲིད་ཚོགས་པ་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཤུགས་ཆེ་བསྟན་ཡོད་པའི་རྣམ་པ་གསལ་པོ་མཚོན་གྱི་ཡོད། གཞན་ཡང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དུས་སྐབས་སུའང་ལྕམ་སྐུ་མཆོག་གིས་དཀའ་ངལ་རྣམས་བྱམས་སྙིང་རྗེ་དང་བཟོད་བསྲན་ཐོག་ནས་གདོང་ལེན་གནང་བཞིན་ཡོད་པས་འཛམ་གླིང་ལ་སྐུ་ཉིད་ལྟ་བུའི་དབུ་ཁྲིད་གང་མང་དགོས།
དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལེནྜི་ས་གནས་སུ་ཆིབས་སྒྱུར་བསྐྱངས་པའི་སྐབས་དང་། དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་སྲིད་སྐྱོང་རང་ཉིད་ཀྱང་ས་གནས་སུ་གཞུང་འབྲེལ་ཐོག་བཅར་སྐབས་ས་གནས་གཞུང་ནས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ནིའུ་ཛི་ལེནྜིའི་གཞུང་མང་གཉིས་ནས་བོད་མི་མང་པོ་ཞིག་ལ་ས་གནས་སུ་འཚོ་སྡོད་སླད་མཐུན་འགྱུར་གནང་བར་བརྟེན་ད་ཆ་བོད་མི་མང་དག་ཅིག་ས་གནས་སུ་སོ་སོའི་ནང་གཉིས་པ་ཡིན་པ་ལྟར་འཚོ་གནས་བྱེད་བཞིན་ཡོད། འདས་པའི་ལོ་མང་པོའི་རིང་ལ་ནིའུ་ཛི་ལེནྜིའི་གཞུང་མང་གཉིས་ནས་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་རྒྱུ་ཡིན།
སྐུ་ཉིད་མཆོག་གི་ལས་ཡུན་གསར་པའི་རིང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་དང་། ལྷག་པར་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་རེ་བ་ཡོད། སླར་ཡང་ངས་སྐུ་ཉིད་མཆོག་གི་འབྱུང་འགྱུར་