ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋཱ་ཀུར་ Sri Jai Ram Thakur མཆོག་ལ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འགོས་པར་བརྟེན་ད་ལྟ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་བཞིན་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋཱ་ཀུར་མཆོག་མགྱོགས་མྱུར་ནད་ཡམས་ལས་དྲག་སྐྱེད་ཡོང་བའི་གསུང་འཕྲིན་ཕུལ་གནང་བའི་ནང་འཁོད་དོན། ང་ཚོ་བོད་མི་རྣམས་ནས་སྤྱི་ཁྱབ་བློན་ཆེན་མཆོག་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་དང་། ང་ཚོ་ཐུན་མོང་གིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་བྱེད་བཞིན་པའི་སྐབས་འདིར་ངས་སྐུ་ཉིད་མཆོག་ནད་གཞི་མགྱོགས་མྱུར་སེང་དྲག་བྱུང་ནས་ཧི་མཱ་ཅལ་མངའ་སྡེ་འདི་བཞིན་སྔར་བཞིན་སྣེ་ཁྲིད་ཐུབ་པའི་རེ་བ་བྱེད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་དང་ཧི་མཱ་ཅལ་མངའ་སྡེའི་ནང་གནས་སྡོད་བོད་མི་ཚོས་སྤྱི་ཁྱབ་བློན་ཆེན་མཆོག་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ཅེས་འཁོད།།