ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཉི་མ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཧི་མ་ཅཱལ་མངའ་སྡེའི་ཀངྒ་ར་རྫོང་ ནང་རྟེན་གཞི་བྱས་པའི་བྷ་ལ་ཇི་སྨ ན་ཁང་གི་སྦྱིན་བདག་དང་། ཧི་མ་ཅཱལ་ཨ་བྷི་ཨ་བྷི་ཞེས་པའི་ གསར་ལས་ཁང་གི་འགན་འཛིན་སྐུ་ཞབས་ ར་ཇེ་ཤི་ཤར་མ་ (Dr. Rajesh Sharma) ལགས་ཀྱི་ཡུམ་ལྕམ་སྐུ་ཨུར་མིལ་ ཤར་མ་ (Mrs. Urmil Sharma) ལགས་འདས་གྲོངས་སུ་གྱུར་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ གས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ མཆོག་གིས་སྐབས་བཅུ་དྲུག་པའི་བོ ད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི ་ཚབ་ཞུས་ཏེ་ཁོང་གི་བུ་སོགས་ནང་ མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུ གས་གསོ་ཞུས་གནང་འདུག
སྐུ་ཞབས་ར་ཇེ་ཤི་ཤར་མ་ལགས་སུ་ བསྐུར་བའི་ཐུགས་གསོའི་འཕྲིན་ཡི ག་ནང་འཁོད་དོན། ཁྱེད་ཀྱི་ཡུམ་ལྕམ་སྐུ་ཨུར་མིལ་ ཤར་མ་ལགས་འདས་གྲོངས་སུ་གྱུར་བའི ་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་བློ ་ཕམ་ཆེན་པོ་བྱུང་། ངས་སྐབས་བཅུ་དྲུག་པའི་བོད་མི་ མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ ཞུས་ཏེ་ཐུགས་གསོ་ཞུ་རྒྱུ་ཡིན། ཁྱེད་ནང་མི་ལྷན་རྒྱས་ནི་བོད་མི འི་བླ་ན་མེད་པའི་དབུ་འཁྲིད་སྤྱི ་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ ་མཆོག་ལ་དད་གུས་ཆེན་པོ་གནང་མཁན་ ཞིག་ཡིན་པ་དང་། དེ་བཞིན་གསར་ལས་ཁང་གི་དབུ་འབྱེ ད་མཛད་སྒོའི་ཐོག་༧གོང་ས་༧སྐྱབས་ མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ ་བོར་གདན་ཞུས་གནང་རྒྱུའི་བསྐལ་ བཟང་གི་གོ་སྐབས་བྱུང་ཡོད།
ཁྱེད་ཀྱི་གསར་ཁང་ནས་བོད་དོན་དང་ འབྲེལ་བའི་གནས་ཚུལ་རྒྱ་ཆེ་སྤེལ་ བ་བརྒྱུད། མི་མང་སྤྱི་དང་། ལྷག་པར་ཧིན་དི་ཚགས་ཤོག་ཀློག་ མཁན་རྣམས་ལ་བོད་དོན་སྐོར་གོ་རྟོ གས་གང་ལེགས་སྤེལ་ཐུབ་ཡོད། ཁྱེད་ཀྱི་གསར་ཁང་ནས་གསར་ཤོག་དང་ ། བརྙན་འཕྲིན་གསར་འགྱུར་སོགས་བརྒྱུ ད་བོད་ཕྱི་ནང་གཉིས་ཀྱི་དངོས་ཡོ ད་གནས་ཚུལ་སྤེལ་ཏེ་མི་མང་པོར་བོ ད་དོན་སྐོར་ངོ་སྤྲོད་དང་། གོ་རྟོགས་རྒྱ་ཆེ་སྤེལ་བར་ཐུགས་ རྗེ་ཆེ་ཞུ་རྒྱུ་ཡིན།
ངས་སླར་ཡང་གཞིས་བྱེས་བོད་མི་ཡོ ངས་ཀྱི་ཚབ་ཞུས་ཏེ། དཀའ་ཁག་ཅན་གྱི་དུས་ཚོད་འདིར་ཁྱེ ད་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོ ངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་ འཁོད་འདུག་པ་བཅས། །