ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ཆ་ཤས་སུ་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གིས་དྲ་རྒྱ་བརྒྱུད་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༩ ཉིན་བོད་མི་གཞོན་སྐྱེས་ཚོར་དམིགས་ཏེ་ནང་ཆོས་ངོ་སྤྲོད་ཀྱི་ལས་གཞི་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ནང་ཆོས་ངོ་སྤྲོད་ཀྱི་གལ་གནད་སྐོར་གསུང་བཤད་གནང་རྗེས། སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་དུས་ཡུན་སྐར་མ་ ༤༠ རིང་བོད་མི་གཞོན་སྐྱེས་གྲངས་ ༤༠ ལྷག་ལ་སྐྱབས་འགྲོའི་སྐོར་ངོ་སྤྲོད་གཟབ་རྒྱས་གནང་བ་མ་ཟད། མཉམ་ཞུགས་པ་རྣམས་ཀྱི་དྲི་བ་ཁག་ལ་ལན་ཁ་གསལ་གནང་ཡོད།
ཐེངས་འདིའི་དྲ་ཐོག་ནང་ཆོས་ངོ་སྤྲོད་གཙོ་སྐྱོང་བ་ཚེ་རིང་མཚོ་མོ་ལགས་ཀྱིས་སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།