ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ནས་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་སྲུང་བརྩི་ཞུས་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢ སྐུའི་བླ་གཟའ་རེས་གཟའ་ལྷག་པ་ཉིན་བོད་མིའི་མང་གཙོ་དབུ་བརྙེས་པའི་ཉིན་མོ་དང་སྟབས་བསྟུན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་མཛད་སྒོའི་ཐོག སྐུ་མགྲོན་དང་ས་གནས་ཀྱི་གནད་ཡོད་མི་སྣ་བཅས་མི་གྲངས་ལྔ་བཅུ་ཙམ་ཆུ་ཚོད་ ༡༠།༣༠ ཐོག་ཚང་འཛོམས་ཀྱིས་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་འཕྲུལ་གློག་བློན་ཆེན་ Power Minister མཆོག་དང་། སྐུ་ཞབས་སུག་རམ་ཅོ་དི་རི་Shri Sukhram Chaudhary མཆོག གཞན་ཡང་རྒྱ་གར་དཔོན་རིགས་དང་གསར་འགོད་པ་བཅས་ཕེབས་བསྟུན། རང་ཅག་གངས་ལྗོངས་སྐྱེ་འགྲོ་ཀུན་གྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ་སྡོམ་བརྩོན་ངུར་སྨྲིག་འཛིན་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་མཛད་སྒོའི་མཛད་རིམ་ལྟར་མཛད་སྒོའི་ཐོག་མར་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་༸རྒྱལ་བའི་བཀྲིན་རྗེས་དྲན་དང་མང་གཅོའི་དུས་དྲན་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་ཡོད།
ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་མང་གཙོ་དང་༸རྒྱ་བའི་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན། སུག་རམ་ཅོ་དིརི་མཆོག་རྣམ་གཉིས་ཀྱིས་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་སྤྱིའི་ཞི་བདེ་དེད་དཔོན་ཆེན་པོ་དང་། རྒྱ་གར་བ་རྣམས་ནས་དད་གུས་ཞུ་ཡུལ་དང་། ལྷག་པར་༸གོང་ས་མཆོག་ཧི་མ་ཅལ་མངའ་སྡེའི་རྡ་རམ་ས་ལར་བཞུགས་ཡོད་པ་ནི་རྒྱ་གར་བ་རྣམས་ལ་བྱིན་གྱི་རླབས་པ་དང་། མགོན་པོ་གང་ཉིད་མཆོག་གི་བཀྲིན་དྲན་གྱི་མཛད་སྒོའི་ཐོག་བཅར་རྒྱུའི་གོ་སྐབས་བྱུང་བ་ནི་སྐལ་པ་བཟང་ཤོས་ཤིག་ལ་ངོས་འཛིན་ཞུ་གི་ཡོད་པ། རྒྱ་གར་གཞུང་མང་གཉིས་ཀྱི་ཚབ་ཞུས་ནས། བཀྲིན་བླ་ན་མེད་པ་ཆེ་ཞུ་བ་དང་མགོན་པོ་གང་ཉིད་མཆོག་སྐུ་ཚེ་བརྒྱ་ཕྲག་ནས་བརྒྱ་ཕྲག་བར་བཞུགས་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་།
མཐར་སྤོན་ཊ་སཾ་བྷོ་ཊ་གཏན་སློབ་གྱི་སློབ་སྤྱི་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམ་པར་ཕྱག་རྟགས་ཕུལ་ཏེ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་བཅས། །