ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །སུ་ཝེ་ཌན་གྱི་ཁྲིམས་ཁང་ནས་རྒྱ་
དེ་ཡང་རྡོ་རྗེ་རྒྱལ་མཚན་ཞེས་
རྡོ་རྗེ་རྒྱལ་མཚན་ཟེར་བ་དེ་བོད་རི
སུ་ཝེ་ཌན་གྱི་གསར་འགྱུར་བརྒྱུད་
དེ་ཡང་སུ་ཝི་ཌེན་བོད་རིགས་ཚོགས་པའི་ཚོགས་ཟུར་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་གསུང་དོན། ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་ལོ་གསར་སྐབས་རྡོ་རྗེ་རྒྱལ་མཚན་ཟེར་བ་དེ་རྒྱ་ནག་གཞུང་གི་སོ་མྱུལ་བ་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། སུ་ཝི་ཌེན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དགོངས་དོན་ཞིབ་འཇུག་གནང་སྟེ་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གི་སོ་མྱུལ་བ་ཡིན་པའི་ཐག་གཅོད་གནང་ཡོད་པ་མ་ཟད། ཟླ་བ་ ༢༢ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ཕྱི་ལོ་ ༢༠༢༠ ལོར་བཙོན་འཇུག་ཁྲིམས་ཐག་གཙང་གི་ཡོད་སྟབས། སུ་ཝི་ཌེན་གསང་བའི་ལས་ཁུངས་ནས་ཁོ་པ་སི་ཝི་ཌན་ནང་མུ་མཐུད་གནས་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་པར་བརྟེན་ཕྱིར་སློག་དགོས་པའི་དགོས་འདུན་བཏོན་པ་ལྟར་སུ་ཝི་ཌེན་རྒྱལ་ཁབ་ནང་ཕྱིར་ལོག་མི་ཆོག་པའི་ཐག་གཅོད་གནང་ཡོད། ཅེས་སོགས་གསུངས། །