ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། ཤེས་ལོངས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གཡས་གཡོན་དང་། ཤེས་ལོངས་བོད་དགོན། དེ་བཞིན་སཾ་བྷོ་ཊའི་སློབ་གྲྭའི་ཁོར་ཡུག་བཅས་ལ་དུག་སེལ་ལས་འགུལ་རྒྱ་ཆེ་སྤེལ་ཐུབ་པ་བྱུང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་གཉིས་ཐུན་མོང་གི་མཐུན་འགྱུར་འོག་འདི་གའི་ཁྱབ་ཁོངས་འདུ་སྡོད་བོད་མི་ཁོངས་ནས་ནད་གཞི་ཡོད་མཁན་རྣམས་ལ་ལུས་ཟུང་གསོ་བྱེད་ཀྱི་གསོལ་སྨན་ཁུངས་འགྲེམས་ཞུས་ཡོད།
དེ་བཞིན་འདི་གའི་ཁོངས་སུ་གཏོགས་པའི་རིག་འཚོ་མ་ཟིན་པ་གཉིས་ལ་ནད་ཡམས་སྔོན་འགོག་ཡོ་ཆས་ཁག་དང་། ངལ་སེལ་རོགས་དངུལ་བཅས་དོ་བདག་སོ་སོར་ཕུལ་ཐུབ་པ་བྱུང་ཡོད། གཞན་ཡང་ཁྱབ་ཁོངས་དགོན་སྡེ་ཁག་དང་། སློབ་གྲྭ། སྨན་ཁང་བཅས་ལ་དུག་སེལ་སྨན་ཆུ་དང་ལག་སྲིན་སེལ་བྱེད་བཅས་བགོ་འགྲེམས་ཞུས་ཡོད་བཅས། །