ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྲི་ཞུའི་ལས་བྱེད་གཉིས་དྲུང་ཆེའི་གནས་རིམ་ཐོག་གནས་སྤར་གནང་འདུག
དེ་ཡང་ཕྱི་དྲིལ་དྲུང་འཕར་ཀླུ་ཁྲི་ཚང་འཆི་མེད་ཚེ་དབྱངས་ལགས་དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་ཆེ་དང་། ཤེས་རིག་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གནང་འདུག
ཀླུ་ཁྲིད་ཚང་འཆི་མེད་ཚེ་དབྱངས་ལགས་ནི། ཕྱི་ལོ་ ༡༩༧༢ ཟླ་ ༨ ཚེས་ ༡ ཉིན་ཅོན་ཏ་རར་སྐྱེས་ཤིང་། ཕྱི་ལོ་ ༡༩༩༥ ལོར་པན་ཇབ་གཙུག་ལག་སློབ་གྲྭ་ Govt.College, Punjab University ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A ཐོན་རྗེས་ཕྱི་ལོ་ ༢༠༠༠ ཟླ་ ༠༡ ཚེས་ ༢༤ ཉིན་ཤེས་རིག་ལས་ཁུངས་སུ་དྲུང་ལས་གནས་རིམ་ཐོག་བསྐོ་གཞག་གནང་འདུག་པ་དང་། ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༡༩ ཉིན་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཟླ་ ༡༣ ཉིན་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ ཉིན་དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡ ཉིན་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ ཉིན་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡ ཉིན་དྲིལ་བསྒྲགས་དྲུང་ཆེར་བསྐོ་གཞག་གནང་ཡོད།
འཇིགས་མེད་རྣམ་རྒྱལ་ལགས་ནི། ཕྱི་ལོ་ ༡༩༧༨ ཟླ་ ༥ ཚེས་ ༧ ཉིན་བལ་ཡུལ་དུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༢༠ ཉིན་ཤེས་རིག་ལས་ཁུངས་སུ་དྲུང་ལས་གནས་རིམ་ཐོག་བསྐོ་གཞག་གནང་འདུག་པ་དང་། ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༡༩ ཉིན་ལས་ངོ་རྗེས་བཀའ་ཁྲི་མཆོག་གི་སྒེར་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༡༩ ཉིན་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༡ ཉིན་དྲུང་གཞོན་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༨ ཉིན་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༡ ཉིན་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༩ ཉིན་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས ༡༧ དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ཉིན་ཤེས་རིག་ལས་ཁུངས་དུ་གནས་སྤོས། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༨ ཉིན་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣ ཉིན་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གནང་ཡོད་བཅས། །