ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུ ས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ ཚོགས་མཆོག་གིས་གཞིས་བྱེས་བོད་མི ་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཧ་རི་ཝན་ཤི་ནཱ་རཱ་ཡན་སི ངྒ་ (Harivansh Narayan Singh, Deputy Chairman of Rajya Sabha) མཆོག་རྒྱ་གར་གྲོས་ཚོགས་ གོང་མའི་ཚོགས་གཞོན་ལ་བསྐྱར་དུ་ བདམས་ཐོན་བྱུང་བར་འཚམས་འདྲི་ཞུ ས་གནང་འདུག
འཚམས་འཕྲིན་ནང་འཁོད་དོན། སྐུ་ཞབས་དམ་པ་རམ་མ་ནཱོ་ཧར་ (Shri Ram Manohar Lohia) མཆོག་དང་། སྐུ་ཞབས་དམ་པ་ཇཱཡ་པར་ཀཱ་ཤི་ནཱ་ རཱ་ཡན་ (Shri Jay Prakash Narayan) མཆོག རྒྱ་གར་སྲིད་བློན་ཟུར་པ་སྐུ་ ཞབས་དམ་པ་ཅཱན་དཱ་ར་ཤི་ཀར་ (Shri Chandra Shekhar (late Prime Minister)) མཆོག གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུ ར་པ་སྐུ་ཞབས་དམ་པ་ར་བྷི་རཡེ་ (Shri Rabi Ray (late Speaker of Lok Sabha)) མཆོག སྐུ་ཞབས་དམ་པ་ཇོར་ཇི་ཧྥར་ ན་ཌི་སི་ (Shri George Fernandes ) མཆོག་བཅས་ཀྱི་དགོངས་པ་ལྟར། སྐུ་ཞབས་ཁྱེད་ཀྱིས་བོད་ཀྱི་རྩ་ དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ གནང་དང་གནང་མུས་རེད། སྐུ་ཉིད་ནི་ཤེས་ལྡན་མི་སྣ་ཞིག་ དང་། ལྷག་པར་དུ་བོད་རྒྱའི་གནད་དོན་ དང་དེ་འབྲེལ་རྒྱ་གར་བཅས་ཀྱི་ གནད་དོན་ཐོག་རྒྱུས་མངའ་གཏིང་ཟབ་ ཡོད་པའི་ཆ་ནས། སྐུ་ཉིད་ནས་ང་ཚོའི་རྩ་དོན་ཐོག་ ལམ་སྟོན་དང་རྒྱབ་སྐྱོར་གང་ཐུབ་ གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡི ན།
ཕྱི་ལོ་ ༢༠༢༠ ཟླ་ ༥ པ་ནས་འགོ་འཛུགས་ཏེ་ད་བར་རྒྱ་ དཀར་ནག་ས་མཚམས་དབར་རྩོད་རྙོག་བྱུ ང་བཞིན་ཡོད་པ་དང་། དེས་རྐྱེན་པས་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་རྒྱ་གར་གྱི་དམག་མི་ཉི་ཤུ་ འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ལ་དྭགས་ས་མཚམས་སུ་བོད་པའི་ དང་ཞབས་དམག་མི་དང་རྒྱ་མིའི་དམག་ མིའི་དབར་གདོང་ཐུག་བྱུང་སྐབས། ས་འོག་ཏུ་བཞག་པའི་འབར་རྫས་ཤིག་ གས་འཐོར་བྱུང་ནས་དང་སློབ་རུ་ཤོ ག་ཨང་བདུན་པའི་མེ་ཏོག་གཉིས་ཅན་ གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ ལགས་འདས་གྲོངས་སུ་ཕྱིན་ཡོད། བྱས་ཙང་རྒྱ་དཀར་ནག་གི་ས་མཚམས་རྩོ ད་རྙོག་སེལ་ཐབས་སུ་བོད་ཀྱི་གནད་ དོན་ཤིན་ཏུ་ནས་གལ་འགངས་ཆེན་པོ་ ཆགས་ཀྱི་ཡོད་སྟབས། སྐུ་ཉིད་ནས་བོད་ཀྱི་གནད་དོན་ གསལ་རྒྱུར་མུ་མཐུད་རྒྱབ་སྐྱོར་ གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་ རྒྱུ་ཡིན།
ང་ཚོས་བོད་མིའི་བླ་ན་མེད་པའི་ དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱ བས་མགོན་ཆེན་པོ་མཆོག་གི་དགོངས་ གཞི་ལྟར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་ བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི ་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ ཁྲིམས་འོག་བོད་རིགས་ཡོངས་ལ་མིང་ དོན་མཚུངས་པའི་རང་སྐྱོང་ཡོང་ ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོ ད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་ འགོ་འཁྲིད་དང་། ༧གོང་ས་མཆོག་གི་སྐུ་ཚབ་དབར་ཞི་ བའི་གྲོས་མོལ་བསྐྱར་གསོ་ཡོང་ ཐབས་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་ཐེ ངས་དགུ་པ་གནང་བའི་རྗེས་འབྲེལ་མོ ལ་མཚམས་ཆད་ཡོད། སྐུ་ཉིད་ནི་རྒྱ་གར་གྲོས་ཚོགས་གོ ང་མའི་འཐུས་མི་ཞིག་དང་། ལྷག་པར་དུ་གྲོས་ཚོགས་ཀྱི་ཚོགས་ གཞོན་ཞིག་ཡིན་པའི་ངོས་ནས་བོོད་ རྒྱ་ཞི་བའི་གྲོས་མོལ་བསྐྱར་གསོ་ ཡོང་ཐབས་དང་། བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་ རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོ ད།
སྐུ་ཉིད་ནས་དེ་སྔོན་བོད་མི་མང་ སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ ཚོགས་ཆུང་ལ་མཇལ་འཕྲད་དང་བོད་དོ ན་སྐོར་བཀའ་བསྡུར་གནང་རྒྱུའི་གོ ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ ་དང་། འབྱུང་འགྱུར་ཡང་ཁྱེད་དང་ལྷན་ མཇལ་མོལ་གནང་རྒྱུའི་གོ་སྐབས་ཡོ ང་ངེས་ཡིན།
ངས་སླར་ཡང་སྐུ་ཉིད་གྲོས་ཚོགས་གོ ང་མའི་ཚོགས་གཞོན་ལ་བསྐྱར་དུ་ བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་ རྒྱུ་དང་། མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོ ངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་ རྒྱུ་ཡིན། ཞེས་འཁོད་གནང་འདུག་པ་བཅས། །