ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༥ འཚོགས་བཞིན་པ་དང་བསྟུན། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༩ ཉིན་རྒྱ་གར་གྱི་དགོང་དྲོ་ཆུ་ཚོད་ ༧ ནས་ ༨།༣༠ བར་དང་། སུད་སིའི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ནས་ ༥ བར་རྒྱ་ནག་གཞུང་གིས་རིག་གཞུང་རྩ་གཏོར་གཏོང་བཞིན་པ་དང་། ངལ་རྩོལ་བསྒྱུར་བཀོད་ཁང་བསྐྲུན་པ། སོ་ལྟའི་པར་ཆས་བཙུགས་པ་བཅས་ཀྱི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་ཟུར་ཚོགས་ཀྱི་བགྲོ་གླེང་ཞིག་གནང་གཏན་འཁེལ་ཡོད་པ་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་Tibet Action Institute གི་ངེས་སྟོན་པ་ལྷ་སྒྲོན་ལགས། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ World Uyghur Congress ཀྱི་འགན་འཛིན་སྒྲོལ་ཀུན་ཨི་སཱ་ Dolkun Isa ལགས། ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ཤེས་ཡོན་བསྟི་གནས་ཁང་ Southern Mongolian Human Rights Information Centre གི་འགན་འཛིན་ཨན་གྷེ་བྷ་ཊོ་ Enghebatu Togochog ལགས། རྒྱ་ནག་མི་དམངས་སྟོབས་ཤུགས་ཚོགས་པའི་ the Citizen Power Initiatives for China འགན་འཛིན་ཡང་ཅེན་ལི་ Dr Yang Jianli ལགས་བཅས་ནས་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་ཞིང་། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་རྒྱུ་ཡིན་པ་བཅས།།