ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་ལས་བྱེད་དགོས་མཁོ་བཞིན། སྲི་ཞུའི་ལས་བྱེད་ཁ་སྐོང་ཆེད་གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་གནས་རིམ་ལྟར་ཆ་རྐྱེན་ཚང་ཞིང་རང་རེའི་རྩ་དོན་ཐོག་སྲི་ཞུའི་ཞབས་འདེགས་རྒྱུན་མཐུད་ཞུ་བློ་ཡོད་རིགས་རྣམས་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེའི་མཚན་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༥ ཕྱི་དྲོ་ཕྱོག་ཚོད་ ༥ འགྱངས་མེད་འཚང་སྙན་སྦྲགས་ཁང་ངམ་གློག་འཕྲིན་ ༼ད་ཐེངས་དམིགས་བསལ།༽གང་རུང་བརྒྱུད་གནང་འབྱོར་ཟིན་པ་དགོས་རྒྱུ།
ཕྱི་དྲིལ་ལས་ཁུངས་སུ་ལས་འཆར་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་འགན་འཛིན་དམིགས་བཀར་དྲུང་ གཞོན་གནས་རིམ་ལས་བྱེད་ ༡ ༼གཅིག༽ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ལས་འགན། ལས་འཆར་འགན་འཛིན་ (Project Officer) དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་གཅིག་ལྕོགས།
༢༽ ཤེས་མྱོང། ཚད་ལྡན་མཐོ་སློབ་གང་ཞིག་ནས་ཚོང་རིག་གམ་དཔལ་འབྱོར་རིག་པའི་གཙུག་ལག་རབ་འབྱམས་པ་ (MBA) བསླབ་པ་མཐར་སོན་པའི་ལག་འཁྱེར་ཡོད་པ།
དཔལ་འབྱོར་འདུ་འགོད་དང་ལས་འཆར་བཀོད་བྱུས་དང་འབྲེལ་བའི་ལས་ཀའི་ཉམས་མྱོང་ལོ་ ༤ ལས་མི་ཉུང་བ་ཡོད་པ། ༼ལས་ཀའི་ཉམས་མྱོང་དེ་བཞིན་ཞོར་ལས་མིན་པར་ལས་དུས་ཆ་ཚང་ (full time) ཡིན་པ་དགོས།༽
ལས་འཆར་བཀོད་བྱུས་ཐོག་ལས་མྱོང་ཡོད་ཚེ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
༣༽ ལོ་ཚད། ༢༠༢༠།༩།༢༥ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག་སོ་སོའི་ནང་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ་དང། ཨིན་ཡིག་ནང་གོང་གསལ་ལས་དོན་དང་འབྲེལ་བའི་འབྲི་རྒྱུགས་ལེན་རྒྱུ།
༥༽ འདེམས་རྒྱུགས་འཕྲོད་པར་འབྲེལ་ཡོད་སློབ་ཚན་དེར་བརྒྱ་ཆ་ ༧༠% དང་། བོད་ཨིན་སོ་སོར་བརྒྱ་ཆ་ ༣༣% རེ་བཅས་ལོན་དགོས་པ་ཡིན།
གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ (www.tibet.net) བཅས་གང་རུང་ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་ཕབ་ལེན་གྱིས་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ། (One passport & one stamp size photo)
༢༽ འཛིན་རིམ་བཅིུས་ཡན་གྱི་སློབ་ཐོན་ལག་འཁྱེར་ཆ་ཚང་དང་། ཨང་ཤོག་ (Marks Card & Degree Certificate) བཅས་ཀྱི་ངོ་བཤུས། ལོ་གཅིག་ལས་བརྒལ་བའི་འཕྲལ་སེལ་ལག་ཁྱེར་ (Provisional certificate) ངོས་ ལེན་བྱ་རྒྱུ་མིན་པས་དེ་དོན་དགོངས་འཇགས་ཞུ།
༣༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༤༽ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་། དེ་མིན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་གྱི་ངོ་བཤུས།
༥༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ་ངོ་མ།
༦༽ རང་ཉིད་གཏན་སྡོད་བྱ་ཡུལ་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་གྱི་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༧༽ གལ་སྲིད་སྤྱི་སྒེར་སྡེ་ཚན་གང་རུང་ནང་གཏན་འཇགས་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་དང་བཅས་གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ། ༢༠༢༠ ཟླ ༩ ཚེས་ ༡༥ ཉིན་རྒྱབ་ཚོུད་ ༥ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང། ཁ་དཔར་ཨང། གློག་འཕྲིན། (E-mail) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོངགསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༠ ཟླ་ ༨ ཚེས་ ༢༤ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail: [email protected]