༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོ ་ཆུ་ཚོད་ ༡༠།༥༠ ཙམ་ལ་ཧི་མ་ཅཱལ་མངའ་སྡེའི་ཀངྒ་ར་ རྫོང་ལས་ཁུངས་ཀྱི་གོ་སྒྲིག་འོག་ རྡ་སའི་སྐོར་སྲུང་ཉེན་རྟོག་ཐང་ ཆེན་དུ་རྒྱ་གར་རང་བཙན་ཉིན་མོ་ཐེ ངས་ ༧༤ པའི་དུས་ཆེན་སྲུང་བརྩིའི་མཛད་སྒོ ་གཟབ་རྒྱས་ངང་ཚོགས་གནང་སོང་།
སྐབས་དེར་ཧི་མཱ་ཅལ་ཀངྒ་རྫོང་སྡེ ་ལས་ཁུངས་ནས་མགྲོན་འབོད་གནང་དོ ན་ལྟར། མཛད་སྒོའི་སྐུ་མགྲོན་དུ་བོད་མི འི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲི ད་སྐྱོང་འབུམ་རམས་པ་བློ་བཟང་སེ ངྒེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ གས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོ གས་མཆོག དཔལ་འབྱོར་བཀའ་བློན་ཀརྨ ་ཡེ་ཤེས་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ ་རམས་པ་གོ་བོ་བློ་བཟང་ཕན་བདེ་ མཆོག སྤྱི་འཐུས་རྒྱུན་ལས་གེ་བ་ཚང་ངག་ དབང་ཐར་པ་མཆོག་བཅས་ཆེད་ཕེབས་ གནང་བ་དང་། དེ་བཞིན་མཛད་སྒོའི་སྐུ་མགྲོན་ གཙོ་བོར་རྒྱ་གར་ཧི་མ་ཅཱལ་མངའ་སྡེ འི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ ཝི་པིན་པར་མར་ Shri Vipin Parmar, Speaker of the Himachal Pradesh Legislative Assembly མཆོག་དང་། རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ ཤལ་ནི་རི་ཡ་ Shri Vishal Nehria, MLA Dharamshala མཆོག ཧི་མ་ཅཱལ་མངའ་སྡེའི་འཆར་འགོད་ལྷ ན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ ར་མེ་ཤི་དྷ་ཝ་ལ་ Shri Ramesh Chand Dhawala, Deputy Chairman, Planning Commission མཆོག ཀངྒ་ར་རྫོང་དཔོན་སྐུ་ཞབས་ར་ཀེཤ་ ཀུ་མཱར་པྲ་ཇཱ་པ་ཏི་ Shri Rakesh Kumar Prajapati མཆོག་སོགས་ཕེབས་གནང་འདུག
དེ་ཡང་མཛད་སྒོའི་ཐོག་མར་སྐུ་མགྲོ ན་གཙོ་བོ་མཆོག་ནས་རྒྱ་གར་རྒྱལ་ དར་མཁའ་དབྱིངས་སུ་སྒྲེང་འཛུགས་ གནང་བ་དང་། དེ་རྗེས་མཛད་སྒོ་དང་འབྲེལ་བའི་ གསུང་བཤད་གནང་གྲུབ་མཚམས། ས་གནས་མི་མང་དང་། བོད་ཀྱི་ཟློས་གར་ཚོགས་པས་རིག་ གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ གནང་སོང་། མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོ ན་མཆོག་གིས་རྒྱ་གར་ཧི་མ་ཅཱལ་ མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ སྐུ་ཞབས་ཝི་པིན་པར་མར་མཆོག་ལ་ འཚམས་འདྲིའི་མཇལ་དར་ཕུལ་གནང་བ་ དང་། དེ་ནས་མཛད་སྒོ་གྲོལ་རྗེས་དཔལ་ལྡ ན་ཚོགས་གཞོན་མཆོག་གིས་གཙོས་སྤྱི ་འཐུས་རྣམ་པས་སྐུ་ཞབས་ཁོང་ཟུར་ དུ་མཇལ་འཕྲད་དང་། དེ་བཞིན་རྡ་རམ་ས་ལའི་ཧི་མཱ་ཅལ་ མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ ་ཞབས་ཝི་ཤལ་ནི་རི་ཡ་མཆོག་དང་ལྷ ན་མཇལ་འཕྲད་ཀྱིས་འབྱུང་འགྱུར་བོ ད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེ བས་གནང་ཡོང་བའི་རེ་སྐུལ་ཞུས་ གནང་ཡོད་པ་བཅས། །