ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །རྒྱ་གར་ལ་ཨིན་ཇིའི་དབང་སྒྱུར་འོག་རང་བཙན་གཙང་མ་ཐོབ་ནས་ལོ་ངོ་ ༧༤ འཁོར་བའི་དུས་དྲན་གྱི་སྔ་ནུབ་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་རྒྱ་གར་གྱི་བརྙན་འཕྲིན་གསར་འགྱུར་ལས་ཁང་ NewsX ཞེས་པའི་རྩོམ་སྒྲིག་པ་རེ་ཤབ་གྷུ་ལ་ཐི་ Rishabh Gulati ལགས་ཀྱིས་བོད་དང་རྒྱ་དཀར་ནག་གི་གནད་དོན་སྐོར་བཅར་འདྲི་ཞུས་པ་ཁག་གཤམ་གསལ།
རེ་ཤབ་གྷུ་ལ་ཐི་ལགས་ཀྱིས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ང་ཚོའི་གསར་འགྱུར་ལས་ཁང་གིས་གཙོས་གསར་འགྱུར་གཟིགས་མཁན་ཡོངས་ལ་བཅར་འདྲིའི་དུས་ཚོད་གནང་བར་ཐུགས་རྗེ་ཆེ་ཞུ། བོད་དང་རྒྱ་གར་གཉིས་ཕྱི་ལོ་ ༡༩༤༧ ནས་ད་བར་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་བརྒྱུད་དེ་ལོ་ངོ་ ༨༠ ཧྲིལ་པོ་འཁོར་བཞིན་ཡོད་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་མི་མང་ལ་བརྡ་ལན་ཅི་ཞིག་གནང་རྒྱུ་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཐོག་མར་ངས་རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་ ༧༤ འཁོར་བའི་དུས་དྲན་ཉིན་མོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱ་གར་ལ་རང་བཙན་ཐོབ་མ་ཐག་རྒྱ་གར་དང་པ་ཀི་སི་ཐན་ཕྱོགས་གཉིས་སུ་གྱེས་པ་དང་། དེ་བཞིན་ཕྱི་ལོ་ ༡༩༦༢ དང་ ༡༩༦༧ ལོར་རྒྱ་ནག་དང་མཉམ་དམག་འཁྲུག་བྱུང་བ་སོགས་གང་ལྟར་རྒྱ་གར་གྱིས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད། ད་ཆ་རྒྱ་གར་གྱིས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་དེ་དག་སེལ་ཏེ་རྒྱ་གར་མི་མང་རྡོག་རྩ་གཅིག་སྒྲིལ་ངང་གནས་ཡོད། འདི་ནི་རྒྱ་གར་ལ་མཚོན་ན་གཟེངས་སུ་ཐོན་པའི་གྲུབ་འབྲས་ཤིག་རེད།
རྒྱ་གར་ལ་རང་བཙན་ཐོབ་པ་དེ་རྒྱ་གར་གྱི་བྱས་རྗེས་ཆེན་པོ་ཞིག་ཡིན། འདས་པའི་ལོ་ངོ་ ༧༤ རིང་ལ་རྒྱ་གར་གྱིས་དཔལ་འབྱོར་དང་། ཆབ་སྲིད། སྤྱི་ཚོགས། རིག་གཞུང་སོགས་གང་ཅིའི་ཐད་ནས་ཧ་ཅང་ཡར་རྒྱས་མངོན་གསལ་དོད་པོ་བཏང་ཡོད།
རེ་ཤབ་གྷུ་ལ་ཐི་ལགས་ཀྱིས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ཏེ་ཕྱི་ལོ་ ༡༩༥༠ ནང་ག་རེ་བྱུང་བའི་དྲན་གསོའི་སྐོར་གསུང་རོགས།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། དྲན་གསོ་དེ་ནི་བོད་ལ་བྱུང་བའི་མགོ་སྐོར་བསླུ་བྲིད་དང་གོད་ཆགས་ཀྱི་ལོ་རྒྱུས་ཤིག་རེད། རྒྱ་ནག་དམར་ཤོག་ཚོགས་པ་དང་ཐོག་བོད་ལ་འབྱོར་བའི་སྐབས་ཁོང་ཚོས་བོད་ཡར་རྒྱས་གཏང་གི་ཡིན་ཞེས་བརྗོད་ཡོད། ཁོང་ཚོ་བོད་ལ་སླེབས་རྗེས་རྒྱ་ནག་ནས་བོད་བར་གཞུང་ལམ་བཟོས་པ་དང་། དེ་རྗེས་རྒྱ་ནག་ནས་བོད་ལ་གོ་མཚོན་རིགས་དབོར་འདྲེན་བྱས་ཏེ་བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་བ་མ་ཟད། དགོན་སྡེ་ཁག་བརྒྱ་ཆ་ ༩༩.༩ གཏོར་བཤིག་བཏང་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཡོངས་རྫོགས་རྒྱ་ནག་གི་མངའ་སྡེ་ཞིག་ལ་བསྒྱུར་རྒྱུའི་འབད་བརྩོན་བྱས་ཡོད། དེ་ལྟ་བུའི་རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་བོད་ཀྱི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་སྟོང་ཕྲག་བརྒྱད་ཅུ་ལྷག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད།
རི་ཤབྷི་གྷུ་ལ་ཐི་ལགས་ཀྱིས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཉིད་རྒྱ་གར་དང་ཨ་རི་ནང་བཞུགས་པ་དང་། རྒྱལ་སྤྱིའི་བོད་མིའི་འཐབ་རྩོད་ཀྱི་ལྟ་ཚུལ། དེ་བཞིན་གཞོན་སྐྱེས་ཡིན་པའི་སྐབས་ནས་གལ་ཆེ་བའི་སྲིད་སྐྱོང་གི་གོ་གནས་སུ་ཕེབས་པའི་བརྒྱུད་རིམ་དང་ཉམས་མྱོང་བཅས་ཀྱི་སྐོར་གསུང་རོགས།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཕྲན་རང་ཉིད་ལ་མཚོན་ན་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང་འཚར་ལོངས་བྱུང་བ་རེད། དེ་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་དང་ལྡི་ལི་མཐོ་སློབ་ལ་འགྲིམས་རྗེས་རིམ་པས་ཨ་རིའི་གྲགས་ཅན་མཐོ་སློབ་ཧར་ཝར་ཌི་ནས་ཁྲིམས་ལུགས་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་དང་འབུམ་རམས་པའི་སློབ་སྦྱོང་ཐོན་པ་རེད།
རེ་ཤབ་གྷུ་ལ་ཐི་ལགས་ཀྱིས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤེས་རྟོགས་ལྟར་ན། བོད་ནང་གི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་པ་རེད་དམ་ཡང་ན་སྡུག་ཏུ་འགྲོ་ཡོད་པ་རེད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་འོག་བོད་ནང་གི་གནས་སྟངས་སྡུག་ཏུ་ཕྱིན་ཡོད། ཕྱི་ལོ་ ༢༠༡༣ དང་ ༢༠༡༤ གོང་བོད་མི་ཚོས་ཕན་ཚུན་དབར་གླེང་མོལ་བྱེད་ཐུབ་ཀྱི་ཡོད། ད་ཆ་རྒྱ་ནག་གཞུང་གིས་བོད་མི་རེ་རེའི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་བྱེད་བཞིན་ཡོད། ད་བར་བོད་ནང་བོད་མི་ ༡༥༤ ཡིས་རང་ལུས་མེར་སྲེག་བཏང་ཡོད། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དང་དཀར་མཛེས་ཁུལ་གྱི་ནང་བསྟན་སློབ་གཉེར་ཁང་ཆེ་གྲས་ཡ་ཆེན་སྒར་གཏོར་བཤིག་བཏང་ཡོད།
རེ་ཤབ་གྷུ་ལ་ཐི་ལགས་ཀྱིས། དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི
དཔལ་ལྡན་སྲིད་སྐྱོང་མཆོག་གིས། རང་ཉིད་ཀྱི་པཱ་ལགས་ལ་
རེ་ཤབ་གྷུ་ལ་ཐི་ལགས་ཀྱིས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་དཀར་ནག་གི་གནད་དོན་སྐོར་ཤེས་རྟོགས་ཅི་བྱུང་གསུང་རོགས།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོས་འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་བློ་འགེལ་བྱེད་ཐུབ་ཀྱི་མི་འདུག་ཅེས་སྐད་འབོད་བརྒྱབ་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་ཁས་ལེན་གཅིག་བྱས་ཏེ་བསླུ་བྲིད་བྱེད་ཀྱི་ཡོད་པས་རྒྱ་གར་བ་ཚོས་ཀྱང་རྒྱ་ནག་གི་བྱེད་སྟངས་ལ་བདེན་པ་ཡིན་མིན་ཁུངས་སྐྱེལ་བྱས་ཏེ་ཡིད་ཆེས་བྱེད་དགོས། ཞེས་སོགས་གསུངས།།