ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་དམིགས་བསལ་ལས་དོན་ཚོགས་ཆུང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༦ ཉིན་གྱི་ཕྱི་དྲོར་ཁེ་ན་ཌའི་ Ontario ནང་གི་ཕྱི་དྲོ་ཆུ་ཚོད་ ༣ ནས་ ༧ བར་རྒྱ་ནག་ཐོག་ཉན་ཞིབ་ཚོགས་འདུ་འཚོགས་གཏན་འཁེལ་ཡོད། དམིགས་བསལ་ལས་དོན་ཚོགས་ཆུང་གིས་མགྲོན་འབོད་ཞུས་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉན་ཞིབ་སླད་མཉམ་ཞུགས་གནང་རྒྱུ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་ཁེ་ན་ཌའི་རྒྱ་ནག་གཞུང་ཚབ་ཟུར་པ་ཌེ་ཝི་ཌི་མུལ་རོ་ནེ་ David Mulroney མཆོག་མཉམ་ཞུགས་གནང་གཏན་འཁེལ་ཡོད།
དེ་ཡང་ཁེ་ན་ཌ་དང་རྒྱ་ནག་དབར་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་དམིགས་བསལ་ལས་དོན་ཚོགས་ཆུང་གིས་ཁེ་ན་ཌ་དང་རྒྱ་ནག་གི་དཔལ་འབྱོར་དང་། ཁྲིམས་ལུགས། བདེ་སྲུང་སོགས་ཀྱི་འབྲེལ་ལམ་སྐོར་བསྐྱར་ཞིབ་དང་ཞིབ་འཇུག་གནང་རྒྱུ་དང་། ཁེ་ན་ཌའི་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་རེ་གྷན་ Geoff Regan མཆོག་དང་། རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ཌན་ཨ་ལི་བྷ་སི་ Dan Albas མཆོག གྲོས་ཚོགས་འཐུས་མི་སི་ཊེ་ཧྥན་ Stéphane Bergeron མཆོག གྲོས་ཚོགས་འཐུས་མི་བྷི་ལོག་ Bloc Québécois མཆོག་བཅས་ཀྱིས་དམིགས་བསལ་གྱི་ཉན་ཞིབ་ཚོགས་ཆུང་གི་ཚོགས་གཙོ་གནང་རྒྱུ་དང་། མང་གཙོ་ཆབ་སྲིད་ཚོགས་པ་གསར་པའི་གྲོས་ཚོགས་འཐུས་མི་ཧར་རི་སི་ Jack Harris མཆོག་ཚོགས་གཙོ་གཞོན་པ་གནང་རྒྱུ་ཡིན་པ་རེད།
ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་དམིགས་བསལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ནི། གྲོས་ཚོགས་འཐུས་མི་ལེའོ་ན་ Leona Alleslev མཆོག་དང་། ཨམ་མ་ནུལ་ Emmanuel Dubourg མཆོག གྲོས་ཚོགས་འཐུས་མི་པེ་ཊར་ Peter Fragiskatos མཆོག གྲོས་ཚོགས་འཐུས་མི་གར་ནེ་ཊི་ Garnett Genuis མཆོག གྲོས་ཚོགས་འཐུས་མི་རོ་བྷར་ཊི་ Robert Oliphant མཆོག གྲོས་ཚོགས་འཐུས་མི་ཇོན་ཝི་ལམ་སན་ John Williamson མཆོག གྲོས་ཚོགས་འཐུས་མི་ཇེན་ཡི་པི་ Jean Yip མཆོག གྲོས་ཚོགས་འཐུས་མི་ལེ་ནོར་ཛན་ Lenore Zann མཆོག་བཅས་ཡིན། །