ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང ་ནང་རྟེན་འབྲེལ་དང་། སྐྱེས་སྐར། རྒས་ཡོལ། ཆོས་ལུགས་དུས་སྟོན་སོགས་ལ་སྐུ་མ གྲོན་གདན་ཞུས་གནང་སྲོལ་ཡོད་པ་ལྟ ར། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༩ རེས་གཟའ་ཉི་མའི་ཉིན་གུང་ཆུ་ཚོད་ ༡༢།༤༠ ཙམ་གྱི་ཐོག་རྡ་ས་མེག་གྷན་དུ་ལོ་ ངོ་སུམ་ཅུ་ལྷག་བོད་དོན་ཐོག་རྒྱབ ་སྐྱོར་གནང་མཁན་སྐུ་ཞབས་ཇ་ཡཱ་རཱ མ་ཤར་མ་ Shri.Jai Ram Sharma ལགས་ཀྱི་གཟིམ་ཤག་ཏུ། ཁོང་གི་བུའི་རྟེན་འབྲེལ་ལས་རིམ་ ཐོག་སྔོན་ནས་གདན་ཞུས་ལྟར། མཐུན་ལམ་དང་ཆེ་མཐོང་སླད་དཔལ་ལྡན ་བོད་མི་མང་སྤྱི་འཐུས་ཚོགས་གཞོན ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང ་། སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འ ཕེལ་ལགས། སྤྱི་འཐུས་རྒྱུན་ལས་ངག་དབང་ཐར་པ ་ལགས་བཅས་གཞུང་འབྲེལ་ཐོག་ཆེད་བ ཅར་གྱིས་སྐུ་ཞབས་ཁོང་དང་། ཁོང་གི་བུ་སོགས་ནང་མི་ཡོངས་ལ་འཚ མས་འདྲིའི་མཇལ་དར་དང་དྲན་རྟེན་ ཕྱག་རྟགས་ཕུལ་གནང་རྗེས།