ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་
གསར་འགོད་པས། འདས་པའི་དུས་ཡུན་ལོ་བཞིའི་ནང་
དཔལ་འབྱོར་བཀའ་བློན་མཆོག་གིས། སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི
བཀའ་ཤག་སྐབས་ ༡༥ དུས་ཡུན་ལ་དཔལ་འབྱོར་ལས་ཁུངས་ཀྱི
དེ་བཞིན་མ་དངུལ་ཐེབས་རྩ་ཞེས་
དཔལ་ལྡན་སྲིད་སྐྱོང་མཆོག་གིས་
དེ་བཞིན་ལས་ཀ་གལ་ཆེ་བ་གཞན་ཞིག་
གཞན་ཡང་གདུང་སེམས་མཉམ་སྐྱེའི་
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་
གོང་དུ་གཏན་འཇགས་མ་དངུལ་ནང་མ་ཚུ
གསར་འགོད་པས། བལ་ཡུལ་ནང་གནས་སྡོད་གནང་མཁན་བོ
དཔལ་འབྱོར་བཀའ་བློན་མཆོག་གིས། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༥ ཉིན་བཀའ་ཤག་གི་བཀའ་འབྲེལ་ལྟར། ཕྲ
ལོ་ལྟར་སྔོན་རྩིས་སྐབས་སུ་བཀའ་
དེ་སྔ་ཡིན་ན་ཡར་ཐོན་ཚོང་ལས་རམ་
གསར་འགོད་པས། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་རྒྱ་གར་གྱི་ས་གནས་ཁག་གཙོ་བོར་གྱུར་པའི་བལ་ཡུལ་སོགས་ནང་དཔལ་འབྱོར་ལས་ཁུངས་ཀྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་གནང་ཡོད། འདས་པའི་དུས་ཡུན་ལོ་བཞིའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ནས་ལས་གཞི་ཁག་སྤེལ་བའི་སྐབས་གདོང་ལེན་བྱེད་དགོས་པའི་གནད་དོན་གཙོ་བོ་དང་། གདོན་ལེན་ཇི་ལྟར་གནང་ཡོད་སྐོར་གསུང་རོགས།
དཔལ་འབྱོར་བཀའ་བློན་མཆོག་གིས། སྤྱིར་དཔལ་འབྱོར་བཀའ་བློན་ལ་ཆ་བཞག་ན། མདུན་དུ་ཐོན་ནས་གྲོས་ཚོགས་སུ་འགན་འཁུར་མཁན་དང་། བཀའ་ཤག་དང་མང་ཚོགས་ལ་འགན་འཁུར་ཞུ་མཁན་དེ་རེད། གལ་ཆེ་ཤོས་ནི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ནས་སྐུ་ལས་བསྐྱོན་པའི་འབྲས་བུ་ཞིག་རེད། དེཔར་ན། འདས་པའི་དུས་ཡུན་ནང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་འདི་བཞིན་བཀའ་ཤག་གོང་མའི་གོང་མ་ནས་བཙུགས་ཏེ་སྒྲིག་འཛུགས་ཀྱིས་རོགས་དངུལ་ཐབས་འཚོལ་བྱས་པ་རེད། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ངོས་ནས་རོགས་དངུལ་འཚོལ་ཕྱོགས་ཐད་དེ་སྔ་དང་སྡུར་ཚེ་སྔར་ལྷག་ཕོན་ཆེ་རུ་ཕྱིན་ཡོད། སྒྲོམ་གཞིའང་ཆེ་རུ་ཕྱིན་ཡོད། དེ་སྔའི་རོགས་དངུལ་དང་ད་ལྟའི་རོགས་དངུལ་དབར་ཁྱད་པར་ཤུགས་ཆེན་པོ་ཡོད། ངས་དུས་རྒྱུན་བཤད་པ་ལྟར། མིའི་རྒྱུ་ཟས་པར་ལྕགས་ཀྱི་འགྲམ་པ་དགོས། ཞེས་པ་ལྟར། མི་མང་པོ་ཞིག་གིས་སོ་སོའི་ལོ་གཅིག་གི་ཡོང་འབབ་ནས་གཞུང་ལ་ཁྲལ་ཕུལ་བའི་བརྒྱུད་ནས་ཚོགས་པ་གཅིག་གི་བརྒྱུད་ནས་ང་ཚོར་རོགས་དངུལ་ཡོང་གི་ཡོད་སྟབས། དེ་ལས་སླ་པོ་མེད།
རོགས་ཚོགས་ཀྱི་ཆ་རྐྱེན་འོག་ནས་ལས་གཞི་གང་སྤེལ་དགོས་པར་དགེ་དང་སྐྱོན། ལས་གཞི་སྤེལ་ཟིན་པའི་རྗེས་ཕན་ཡོན་སོགས་ཀྱི་ཆེད་རྟོག་ཞིབ་སྡེ་ཚན་གསར་བཙུགས་གནང་ཡོད། ལས་བྱེད་རྟོག་ཞིབ་སྡེ་ཚན་དེ་བཞིན་མ་འོངས་པར་རོགས་ཚོགས་སླེབ་ཏེ་དེ་འདྲའི་འཆར་གཞི་ལྟར་འགྲོ་བཞིན་ཡོད། རོགས་དངུལ་ལྟ་བུ་ཆ་བཞག་ན། སྡབ་གང་ཙམ་ཞིག་འཕར་ཡོད། ཕྱོགས་མཚུངས་ཉེ་ཆར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་དོན། ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་ཐད་ཀར་གནང་ཕྱོགས་ཀྱི་ཞལ་བཞེས་ཐོབ་པ་འདི་ནི་ཧ་ཅང་རིན་ཐང་ཆེན་པོ་ཞིག་ཆགས་ཀྱི་ཡོད། རོགས་དངུལ་ལས་གལ་ཆེ་བ་སྒྲིག་འཛུགས་ནང་ལས་ཀ་བྱེད་མཁན་རྣམས་ཀྱི་འཇོན་ཐང་དང་ནུས་པ་སོགས་རྒྱུས་ལོན་པའི་ཐོག་ནས་ཐད་ཀར་ཞལ་བཞེས་གནང་བ་ཞིག་ཆགས་ཡོད། ད་ལྟའི་དུས་ལ་ང་ཚོའི་ལས་གཞི་མང་པོ་ཞིག་ལག་བསྟར་བྱེད་པའི་སྐབས་གལ་ཆེ་ཤོས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམ་པའི་མཐུན་འགྱུར་དང་ས་གནས་སུ་ཡོད་པའི་སུད་ཚོང་སྐྱོད་སྡུག་ཚོའི་མཐུན་འགྱུར། ཚོང་རྩག་རྩིག་རྒྱག་མཁན་སྐྱིད་སྡུག་གི་ཚོགས་ཆུང་ལ་སོགས་ཀྱི་མཐུན་འགྱུར་ལ་རག་ལས་ཀྱི་ཡོད་པ་རེད།
སྒྲིག་འཛུགས་ནས་ལས་གཞི་གང་འདྲ་ཞིག་འགོ་བརྩམས་ཀྱང་ཕྱིས་སུ་མང་ཚོགས་ནས་དེར་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་ལས་དོན་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ཐེངས་ཚང་མས་ལས་དོན་མཉམ་རུབ་ཀྱིས་སྤེལ་བར་བརྟེན་འཚོ་རྟེན་རོགས་སྐྱོར་གྱི་ལས་གཞི་འདི་བཞིན་སྒོར་མོ་གཅིག་ཀྱང་བུན་ནག་ཆགས་མེད། འདི་ངས་དཔེ་མ་སྲིད་པའི་ཡག་པོ་རེད། ཅེས་བསམ་པ་དྲན་གྱི་འདུག ང་ཚོའི་བོད་མི་རྣམས་དྲང་པོ་ཡོད་པ་སོགས་མི་གཞན་ལ་བསྟན་རྒྱུ་ཡོད། དེའི་ཐོག་དམིགས་བསལ་དཀའ་ངལ་གང་ཡང་འཕྲད་མ་སོང་། སྤྱིར་བཏང་ལས་ཀ་གང་བྱེད་ཀྱང་བཤད་མཁན་དང་ཉན་མཁན་གཉིས་ཀ་ཡོང་གི་ཡོད། ཡིན་ནའང་གདོང་ལེན་བྱེད་རྒྱུ་ནི་སོ་སོར་བཀའ་བློན་གྱི་མིང་ཞིག་བཏགས་ཡོད་པ་དང་། ཁས་ལེན་བྱས་པ། གྲོས་ཚོགས་སུ་ཆེད་འབུལ་བྱེད་པ་རེད། གཞན་ཡང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མདུན་ནས་དམ་འབུལ་ཞུས་ནས་ལས་འཁུར་འགོ་བཙུགས་ཡོད། ལས་དོན་བྱེད་སྐབས་གདོང་ལེན་ཕྲ་ལ་ཕྲན་བུ་ཡོང་གི་ཡོད། ཆེ་ས་ནས་དཀའ་ངལ་ཆེ་བ་དེ་འདྲ་གང་ཡང་བྱུང་མ་སོང་། ཞེས་ཞུ་རྒྱུ་ཡིན།
བཀའ་ཤག་སྐབས་བཅོ་ལྔ་པའི་དུས་ཡུན་སྐབས་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པ་དེ་བཞིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་དཔལ་འབྱོར་ལས་ཁུངས་སུ་སྤོས་པ་རེད། དེ་ཡང་རྒྱུ་མཚན་དུ་མ་ཞིག་ལ་བརྟེན་ནས་སྤོས་པ་རེད། བུད་མེད་ནུས་སྟོབས་གོང་འཕེལ་ཚན་པ་འདི་བཞིན་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་གཞི་ཞིག་ཡིན་སྟབས་དཔལ་འབྱོར་ལས་ཁུངས་སུ་སྤོས་ཡོད། བོད་མིའི་སྤྱི་ཚོགས་ཁྲོད་བརྒྱ་ཆ་ ༥༠ བུད་མེད་ཡིན་ཞེས་ང་ཚོས་ཞུ་བཞིན་ཡོད། དེ་དངོས་ཡོད་གནས་ཚུལ་རེད། བོད་ཀྱི་བུད་མེད་རྣམས་ནུས་པ་མེད་པ་མ་རེད། ནུས་པ་གང་ཡོད་པ་རྣམས་གོང་སྤེལ་དགོས་རྒྱུ་ང་ཚོའི་ལས་འགན་གཙོ་བོ་རེད། བུད་མེད་ཀྱི་འཕྲོད་བསྟེན་གྱིས་གཙོས་ལས་གཞི་མང་དག་ཅིག་ལས་ཁུངས་སོ་སོ་ནས་སྤེལ་བཞིན་ཡོད། དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་བརྒྱུད་ནས་མང་ཚོགས་ལ་ཟབ་སྦྱོང་སྤྲད་རྒྱུ་སོགས་ཀྱི་ལས་གཞི་སྤེལ་དང་སྤེལ་མུས་ཡིན། དཔེར་ན། བུད་མེད་ཀྱི་འགོ་ཁྲིད་དང་བཙུན་མ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་བུད་མེད་འགོ་ཁྲིད་སོགས་ལ་ཟབ་སྦྱོང་ཕུལ་བ་དང་། བུད་མེད་སུ་འདྲ་ཞིག་ལ་དཀའ་ངལ་དང་། ལྷག་པར་བརྙས་བཅོས་དང་རྩུབ་སྤྱོད་ཀྱི་དཀའ་ངལ་འཕྲད་ཚེ་དེ་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཟོད་སྲན་ཀླད་ཀོར་ཡིན་ཞེས་གསུང་བ་ལྟར་ཡུལ་ཁྲིམས་ཀྱི་ཐོག་ནས་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། དཀའ་ངལ་དེ་ལྟ་བུ་འཕྲད་ཚེ་ཐད་ཀར་འབྲེལ་བ་བྱེད་ཡུལ་ཟུར་དུ་བཙུགས་གནང་ཡོད། དེའི་བརྒྱུད་མ་འོངས་པར་ཚང་མས་མཐུན་འགྱུར་ཞུ་གི་རེད། ཅེས་བསམ་གྱི་འདུག དེ་དང་མཉམ་དུ། དཔལ་འབྱོར་ལས་ཁུངས་ནས་དུས་ཡུན་ལོ་བཞིའི་རིང་ལ་བོད་པའི་སྤྱི་ཚོགས་སྲ་བརྟན་དང་འབྲེལ་བའི་ཐོག་ནས་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་སྐོར་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཆེན་པོ་ཞིག་བསྐོང་ཚོགས་གནང་ཡོད། སྐབས་དེ་དུས་ལས་གཞི་མང་དག་ཅིག་གི་སྒང་ལ་བཀའ་བསྡུར་མང་པོ་བྱུང་བའི་གྲུབ་འབྲས་ཡང་རིམ་པས་འཐོན་གྱི་རེད། དེ་ལས་ཀ་གལ་ཆེ་ཞིག་རེད།
དེ་ལས་གལ་ཆེ་བ་གཅིག་ནི། འདས་པའི་ལོ་ལྔ་བཅུ་ནང་དཔལ་འབྱོར་ལས་ཁུངས་གང་འདྲ་ཆགས་འདུག་པ་དང་། མ་འོངས་པར་སྟངས་འཛིན་བྱེད་ཕྱོགས་ཐད་ཉིན་གྲངས་གསུམ་རིང་སྒྲིག་འཛུགས་ནས་དཔྱད་ཞིབ་བྱས་པ་རེད། དེའི་སྙན་ཐོ་ཡང་ཐོན་ཡོད་པ་དེ་དག་ཚང་མ་ལོ་གཅིག་གཉིས་ནང་ཚུད་བསྒྲུབ་རྒྱུ་གང་ཡང་མེད། དཔྱད་ཞིབ་ལ་བརྟེན་ནས་མ་འོངས་ཁ་ཕྱོགས་བསྒྱུར་རྒྱུའི་སླད་ཕན་ཐོགས་ཡང་བྱུང་སོང་། རྡ་ས་མེ་གྷན་དུ་ཡོད་པའི་རྡོ་ཞུན་རླངས་རྫས་ལས་ཁུངས་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་དང་ཚོགས་པ། རྒྱ་གར་སྒྲིག་འཛུགས་དང་མི་མང་སོགས་ལ་མཐུན་འགྱུར་སྦྱར་བའི་ཐོག་ནས་རང་ཁ་རང་གསོའི་གནས་བབ་ཐོག་ནས་ལས་གཞི་ཚང་མ་ཡག་པོའི་ངང་ནས་སྤེལ་དང་སྤེལ་བཞིན་པ་ཡིན། ཞེས་ཞུ་རྒྱུ་ཡིན།
གསར་འགོད་པས། བཀའ་ཤག་སྐབས་ ༡༥ པའི་ལས་ཡུན་གཙང་ལ་ཉེ་བ་དང་། ལོ་གཅིག་གི་ལས་ཡུན་ནང་ལས་དོན་གལ་ཆེ་བ་མཇུག་སྐྱོང་གནང་དགོས་པ་དང་། གཞན་ཡང་ལས་གཞི་གསར་པ་དེ་འདྲ་སྤེལ་རྒྱུའི་འཆར་གཞི་ཡོད་དམ།
དཔལ་འབྱོར་བཀའ་བློན་མཆོག་གིས། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ ཉིན་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་གསལ་འགོད་གསལ་བསྒྲགས་སྤེལ་ཟིན་པ་རེད། དེར་བརྟེན་སྔོན་རྩིས་ནང་མེད་པའི་ལས་གཞི་ཆེན་པོ་རིགས་བྱེད་ཐུབ་ཀྱི་རེད་བསམ་གྱི་མི་འདུག ཏག་ཏག་བསྡད་ཀྱི་མ་རེད། འོན་ཀྱང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་བཞིན་འདས་པའི་དུས་ལ་ཐོག་མར་ཚོགས་པ་དེབ་སྐྱེལ་དང་རྒྱ་གར་དབུས་དངུལ་ཁང་ཆེན་པོ་ནས་བཀའ་ཁྲོལ། དངུལ་ཁང་རང་དངོས་ཆགས་པར་བཀའ་ཁྲོལ་གཉིས་པ་ཞིག་དགོས་ཀྱི་ཡོད་པ་རེད། འདི་ལས་ཀ་གལ་ཆེ་བ་ཞིག་ཡིན། བསྒྲུབ་ཐུབ་ཐབས་སུ་དཀའ་ལས་རྒྱག་ཆོག་གི་རེད། ཐུབ་དང་མ་ཐུབ་ནི་རྒྱུ་རྐྱེན་དང་གནས་སྟངས་འདྲ་མིན་སྣ་ཚོགས་ལ་རག་ལས་ཀྱི་འདུག དཔེར་ན། དངུལ་ཁང་ལྟ་བུའི་ལས་གཞི་ཆགས་པར་དེ་སྔ་ཡིན་ན་མ་རྩ་ཧིན་སྒོར་བྱེ་བ་བརྒྱ་ཡོད་ན་འགྲིག་གི་ཡོད། ཉེ་ཆར་ཁྲིམས་ལ་བསྒྱུར་བ་བཏང་ནས་མ་རྩ་ཧིན་སྒོར་བྱེ་བ་ཉིས་བརྒྱ་བཟོས་ཟིན་པ་རེད། ང་ཚོས་སྔོན་མའི་དམིགས་ཚད་ནང་བཞིན་འགྲོ་མི་ཐུབ་ཀྱང་དེའི་ཕྱོགས་སུ་གོམ་པ་སྤོས་དགོས་པ་དང་། ང་ཚོ་འཁྱུར་བ་ཡིན་ནའང་མཇུག་སྐྱོང་བྱེད་ནས་ལས་ཀ་བྱེད་དགོས་པ་ཞིག་རེད། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ཡར་རྒྱས་གཏང་རྒྱུ་ཆགས་པ་ཡིན་ན། སྒྲིག་འཛུགས་ལ་གཞན་རྟེན་ཉུང་དུ་ཕྱིན་ཚེ་རང་བཞིན་གྱི་སྤྱི་ཚོགས་ཡར་རྒྱས་འགྲོ་གི་རེད།
སྤྱིར་བོད་པའི་སྤྱི་ཚོགས་འདི་ཡ་མཚན་ཞིག་རེད་འདུག ལྔ་བཅུ་ང་གྲངས་དང་། དྲུག་ཅུ་རེ་གྲངས། བདུན་ཅུ་དོན་གྲངས། ད་ལྟའི་གནས་བབ་བཅས་སྡུར་ན་བོད་པའི་སྤྱི་ཚོགས་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད། འོན་ཀྱང་གཞན་རྟེན་གྱི་བསམ་བློ་བརླག་རྒྱུ་དཔེ་ཁག་པོ་རེད་འདུག རང་བློ་རང་གི་ལྐོག་ཏུ་མ་གྱུར་པར་བརྟེན་ཚང་མས་གཞན་རྟེན་གྱི་བསམ་བློ་དོར་དགོས་པ་གལ་ཆེན་པོ་རེད།
བོད་མིའི་ཁྲོད་དང་བླངས་དཔྱ་དངུལ་དུས་ཐོག་ཏུ་ཕུལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྒྲིག་འཛུགས་ཀྱིས་དམིགས་ཚད་བཞག་རྗེས་དཔལ་འབྱོར་ལས་ཁུངས་ནས་མཐུན་རྐྱེན་སྦྱོར་བ་དང་ས་གནས་རང་བདེན་ཚོགས་ཆུང་། མི་མང་བཅས་མཉམ་ཞུགས་ཀྱི་ཐོག་ནས་འགྲོ་དགོས་ཀྱི་ཡོད། ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་ཁང་གི་འགོ་ཁྲིད་འོག་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་འགྲོ་དགོས། དེར་མང་ཚོགས་མཉམ་ཞུགས་མ་གནང་ཚེ་བརྒྱ་ཆ་ ༩༩ འབྲས་བུ་མི་ཐོན།
ད་ཆ་འོས་བསྡུའི་ལས་རིམ་སླེབ་ལ་ཉེ་བ་ཡིན། འོས་བསྡུ་སྐབས་ཙམ་མིན་པར་དུས་རྒྱུན་དུ་དཔྱ་དངུལ་དུས་ཐོག་ཏུ་འབུལ་དགོས། ཞེས་དེ་རིང་ངས་སྡིངས་ཆ་འདིའི་བརྒྱུད་ནས་སླར་ཡང་འབོད་སྐུལ་ཞུ་རྒྱུ་ཡིན།
དེ་དང་མཉམ་དུ་གདུང་སེམས་མཉམ་སྐྱེའི་ལག་དེབ་སྔོན་པོ་ཞལ་འདེབས་ནི། བོད་མི་སུ་འདྲ་ཞིག་གིས་འགན་འཁུར་གྱི་ཐོག་ནས་ཕྱི་མི་ངོ་ཤེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེའི་ལག་དེབ་སྔོན་པོ་གསར་བཟོ་གནང་རྒྱུའི་འབད་བརྩོན་བྱེད་དགོས་ཀྱི་ཡོད། ལག་དེབ་སྔོན་པོའི་དངུལ་གང་བྱུང་བ་རྣམས་ལ་ང་ཚོའི་བེད་སྤྱོད་བྱེད་ཀྱི་མེད། མ་དངུལ་ཐེབས་རྩར་བླུགས་ཀྱི་ཡོད། མ་འོངས་པ་མ་དངུལ་འདི་བཞིན་ཆེན་པོ་ཆགས་ན་སྒྲིག་འཛུགས་སྤྱི་ཡོངས་ལ་ཕན་ཐོགས་ཡོང་ངེས་ཡིན། རོགས་དངུལ་ནི་ད་ལྟ་ཡོད་པ་དང་མ་འོངས་པ་ཡོང་ཡོང་སྲིད་པ་དང་མ་སྲིད་པའང་རེད།
ལས་ཀ་གལ་ཆེ་ཤོས་གཅིག་ནི། ཨ་རི་གཞུང་གིས་རོགས་དངུལ་ས་ཡ་ཉི་ཤུ་རྩ་གསུམ་གྱི་ལོ་ལྔ་འདི་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ནས་འགོ་བཙུགས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༣༠ བར་ལོ་ལྔ་པ་མཐའ་མ་རྫོགས་ཀྱི་ཡོད། མ་འོངས་པར་ལོ་ལྔ་པ་གཉིས་པ་རག་རྒྱུར་འཆར་གཞི་སྒྲིག་ནས་འགྲོ་གི་ཡོད། འདི་ལས་ཀ་གལ་ཆེན་པོ་ཅིག་ཡིན། དེ་དུས་ཚོད་གཏན་འཁེལ་ཚེ་བཀའ་ཤག་འདིའི་དུས་ཡུན་མ་རྫོགས་གོང་མཚན་རྟགས་རྒྱབ་ཐུབ་ཚེ་མ་འོངས་པ་བཀའ་ཤག་གསར་པར་ལོ་ལྔའི་རོགས་དངུལ་རག་ཐུབ་པར་ལས་དོན་གལ་ཆེ་ཞིག་ཡིན།
ལས་དོན་རྣམས་ཚགས་ཚུད་པོ་ཡོང་ཐུབ་པ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཐུགས་སྨོན། བོད་མའི་སྒྲིག་འཛུགས་ཀྱི་འགོ་ལས་ཡོངས་ཀྱི་ལས་དོན་ཐོག་ཧུར་བརྩོན་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ཞེས་གསུངས། །