ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཨ་རིའི་གྲོས་ཚོགས་འཐུས་མི་དང་སྤྱི་དམངས་ཐོབ་ཐང༌རྩོད་ལེན་པ་གྲགས་ཅན་སྐུ་ཞབས་འཇོན་ལེ་ཝི་སི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དམ་པ་གང་གི་ནང་མི་ལྟོས་བཅས་དང་ཨ་རིའི་མི་མང་བཅས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན།
སྐུ་ཞབས་འཇོན་ལེ་ཝི་སི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཧ་ཅང་བློ་ཕམ་དང་བཅས་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་གང་གི་ནང་མི་ལྟོས་བཅས་དང་ཨ་རིའི་མི་མང་བཅས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
འདས་པའི་དུས་རབས་མང་པོའི་རིང་རླབས་ཆེན་མི་སྣ་དག་གིས་སྙིང་སྟོབས་ཆེན་པོས་འགྲོ་བ་མི་རྣམས་ལ་ཞབས་འདེགས་ཞུས་ཏེ་བརྗེད་པར་དཀའ་བའི་གྲུབ་འབྲས་བཞག་ཡོད་པ་ལོ་རྒྱུས་ཐོག་ནས་དཔང་རྟགས་ར་འཕྲོད་བྱེད་ཐུབ་ཀྱི་ཡོད་པ་དང་། དམ་པ་དེ་ཉིད་ནི་རླབས་ཆེན་གྱི་མི་སྣ་དེ་དག་གི་ཁྲོད་ནས་གཅིག་རེད། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་འགྲོ་བ་མིའི་རང་དབང་དང་དྲང་བདེན་སླད་དུ་འཐབ་རྩོད་གནང་མྱོང་མཁན་རླབས་ཆེན་གྱི་མི་སྣ་དེ་དག་དང་ལྷན་དུ་དམ་པ་དེ་ཉིད་རྟག་ཏུ་དྲན་ངེས་ཡིན།
དེ་རིང་ཁ་སང་ང་ཚོ་བོད་མི་ཚོས་ཀྱང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇོན་ལེ་ཝི་སི་མཆོག་གིས་དབུས་འཚེ་མེད་ཞི་བའི་རླབས་ཆེན་གྱི་དབུ་ཁྲིད་དེ་དག་གི་རྗེས་སུ་འབྲངས་ཏེ་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་རང་དབང་དང་དྲང་བདེན་སླད་དུ་འཐབ་རྩོད་བྱས་དང་བྱེད་བཞིན་ཡོད། འཛམ་གླིང་མི་མང་ལ་རླབས་ཆེན་གྱི་དབུ་ཁྲིད་དེ་ལྟ་བུ་ཞིག་དགོས་མཁོ་ཡོད་བཞིན་པའི་སྐབས་སྐུ་ཚེའི་འཕེན་པ་རྫོགས་པར་མྱ་ངན་ཞུ་རྒྱུ་དང་། སྐུ་ཞབས་འཇོན་ལེ་ཝི་སི་མཆོག་གི་བྱས་རྗེས་དེས་དྲང་བདེན་འཐབ་རྩོད་གནང་མཁན་ཡོངས་ལ་སེམས་ཤུགས་བསྐྱེད་པར། མུ་མཐུད་ཞབས་འདེགས་ངེས་ཅན་ཞུ་ཐུབ་ངེས་ཡིན། ཞེས་འཁོད།།