ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཡུ་རོབ་མཉམ་འབྲེལ་ཁྱབ་ཁོངས་ རྒྱལ་ཁབ་ཁག་གི་ནང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་སེལ་ སླད་ཡུ་རོབ་ མཉམ་འབྲེལ་གྱི་རྒྱལ་ཁབ་ཉེར་བདུ ན་གྱི་དབུ་ཁྲིད་རྣམས་ལྷན་འཛོམས་ ཀྱིས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་བྱེད་ཐབས་སྐོར་བཀའ་སྡུ ར་ལྷུག་པོ་གནང་སྟེ། ངལ་སེལ་རོགས་དངུལ་ཡོ་སྒོར་ཐེར་འབུམ་ ༧༥༠ ཐམ་པ་གཏང་རྒྱུར་གྲོས་མཐུན་བྱུང་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྩལ་དོན། བར་ལམ་ནད་ཡམས་ཀྱི་རྐྱེན་པས་རྒྱ ལ་ཁབ་གང་སར་དཀའ་ངལ་ཆེན་པོ་འཕྲད་ པར་བརྟེན། ཡུ་རོབ་མཉམ་འབྲེལ་གྱི་ཁྱབ་ཁོངས་ རྒྱལ་ཁབ་ཁག་གི་ནང་དཀའ་ངལ་སེལ་ བའི་ཆེད་དུ་ཉིན་ཤས་རིང་ཡུ་རོབ་ མཉམ་འབྲེལ་གྱི་རྒྱལ་ཁབ་ཉེར་བདུ ན་གྱི་དབུ་ཁྲིད་རྣམས་ལྷན་འཛོམས་ ཀྱིས་གདོང་ལེན་བྱེད་ཐབས་བཀའ་སྡུ ར་ལྷུག་པོར་གནང་འབྲས་སུ། རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་དོན་ ལ་དགོངས་བཞེས་གྲོས་མཐུན་གང་ལེ གས་བྱུང་བར་ངོས་རང་དགའ་ཚོར་ཆེན་ པོ་བྱུང་།
གོང་གསལ་ཐག་གཅོད་དེས་ཡུ་རོབ་ མཉམ་འབྲེལ་གྱི་རྒྱལ་ཁབ་རྣམས་ནས་ དངོས་ཡོད་གནས་ཚུལ་དང་ཕུགས་རྒྱང་ རིང་པོར་བསམས་ནས་སྤྱི་པའི་བདེ་ དོན་ལ་དགོངས་པ་བཞེས་རྒྱུ་གལ་ཆེ ན་པོ་ཡིན་པ་བསྟན་པ་ཡིན། ངོས་ཀྱིས་རྒྱུན་དུ་རྗོད་མུས་ལྟ ར། ཡུ་རོབ་མཉམ་འབྲེལ་གྱིས་སྤྱི་པའི ་བདེ་དོན་སྒྲུབ་པའི་རྣམ་པ་གསལ་ པོར་བསྟན་པ་ནི་གཟི་བརྗིད་དང་ཡི་ རང་བྱེད་འོས་པ་ཞིག་ཡིན།
དེ་ལྟ་བུའི་གལ་ཆེའི་གནད་དོན་ཐོ ག་གྲུབ་འབྲས་གང་ལེགས་བྱུང་བ་ལྟ ར། མ་འོངས་པར་ཡང་ཁོར་ཡུག་གི་དཀའ་ ངལ་སོགས་ཚབས་ཆེའི་དཀའ་ངལ་ཁག་ལའང་ གདོང་ལེན་བྱེད་ཚེ་གྲུབ་ འབྲས་དེ་ལྟ་བུ་ཐོན་པའི་རེ་བ་དང་ ། སྙིང་སྟོབས་ལྡན་པའི་ཡུ་རོབ་མཉམ་ འབྲེལ་གྱི་སྒྲིག་འཛུགས་དེ་རྒྱལ་ ཁབ་གཞན་གྱི་མིག་དཔེ་ལྟ་ས་ཞིག་ཏུ ་འགྱུར་བའི་ཡིད་ཆེས་ཡོད། ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༢ ལ།།