ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བཀའ་ཤག་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས། ཐེངས་འདིར་སུད་སི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ངོ་དེབ་བརྒྱུད་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དུ་དྲྭ་རྒྱ་བརྒྱུད་སྤྱི་ཚོགས་དང་ཚོར་ཤེས། བཟང་སྤྱོད་ཀྱི་སློབ་གསོའམ་སཱི་ཤེས་ཡོན་སློབ་གསོ་སྐོར་བགྲོ་གླེང་ཐེངས་གཉིས་པ་གོ་སྒྲིག་ཞུ་གཏན་འཁེལ་ཡོད།
དེ་ཡང་བགྲེ་གླེང་ཞུ་ཡུལ་ཨེ་མོ་རིའི་བྱམས་བརྩེ་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་འབུམས་རམས་པ་བློ་བཟང་བསྟན་འཛིན་ནེ་གི་ལགས་ཡིན་པ་དང་། བགྲོ་གླེང་ཐད་གཏོང་གནང་དུས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༥ རེས་གཟའ་ཉི་མ། རྒྱ་གར་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༧ ནས་ ༨ བར་ཡིན་འདུག སུད་སི་ནང་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ནས་ ༤།༣༠ བར་དང་ནིའུ་ཡོག་གི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༠།༣༠ བར་ཡིན་འདུག་པ་བཅས། །