ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཤི་ལོང་ས་གནས་འགོ་འཛིན་པདྨ་དོ ན་གྲུབ་ལགས་དང་ལས་དྲུང་རྣམ་གཉིས་ཀྱིས་མེ་ གྷ་ལ་ཡ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཏ་ཐཱ་ག་ཏ་རི་ཡི་ Tathagata Roy མཆོག་དང་། སྤྱི་ཁྱབ་དྲུང་ཆེ་ཨེམ་ཨེས་རའོ་ M.S Rao ལགས། སྤྱི་ཁྱབ་སྐོར་སྲུང་བ་ཨར་ཅནྡྲ་ནཱ་ཐན་ R.Chandranathan ལགས།
རྫོང་དཔོན་གཞོན་པ་ Matsiewdor War Nongbri ལགས་སོགས་ ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་ ཐུག་འཕྲད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ དུས་ཆེན་གྱི་རྟེན་འབྲེལ་མཚོན་བྱེད་ དུ་ཕྱག་རྟགས་དང་མགུལ་དར་ཕུལ་ཡོད།
གཞན་ཡང་དེ་ཉིན་གྱི་ཕྱི་དྲོར་བོད་མི་རྣམས་ནས་འཇའ་ལུ་པ་ར་ Jhalupara ཁུལ་གྱི་ཡུལ་མི་དབུལ་ཕོངས་རྣམས་ལ་མངར་ཟས་དང་བཟའ་བཅའི་རིགས་བགོ་འགྲེམས་གནང་ཡོད་པ་བཅས། །