ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་སུད་སི་དང་ལེཀ་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པས་རི་ཀོན་ཆོས་འཁོར་དགོན་དུ་དྲྭ་རྒྱའི་བརྒྱུད་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་།
དེ་ཡང་དྲྭ་རྒྱའི་བརྒྱུད་མགོན་པོ་གང་ཉིད་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་ལ་སུད་སིའི་ཛུ་རིག་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་རིའོ་ཕེ་ཧར་Mario Fehr མཆོག་དང་། ཇར་མ་ནིའི་ཧེ་སེའི་མངའ་སྡེའི་ Hesse སྲིད་སྐྱོང་སྐུ་ཞབས་བོལ་ཀར་བྷུ་ཕེར་ Volker Bouffier མཆོག ཧེ་སིའི་མངའ་སྡེའི་བློན་ཆེན་ཟུར་པ་རོ་ལན་ཌི་ཀོ་ཅི་ Roland Koch མཆོག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཟུར་པ་ Mr.Karl Schwarzenberg མཆོག
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ཝ་སི་ལབ་ཧ་ཝེལ་ Vaclav Havel མཆོག་གི་སྤུན་མཆེད་ཆུང་བ་ཨི་ཝན་ཧ་ཝལ་ Ivan Havel ལགས་སོགས་ནས་བརྙན་ཐུང་བརྒྱུད་འཚམས་འདྲི་ཞུས་ཡོད། དེ་བཞིན་ཨི་ཊ་ལེའི་ཆོས་ཚོགས་ Samantabhadra Institute དང་། འཇར་མན་གྱི་རྒྱལ་ས་བྷར་ལིན་ Berlin ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ།
ཡུ་རོབ་གླིང་ཆེན་གྱི་རྒྱལ་ཁབ་ཨོ་སི་ཊི་རི་ཡའི་ Austria ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད། །