ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་གདལ་སོང་བའི་དབང་གིས་རང་རེའི་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་སློབ་མ་རྣམས་རང་ཁྱིམ་དུ་གནས་སྡོད་བྱེད་རིང་། དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་དང་། ཉིན་རེའི་བྱེད་སྒོར་སྟངས་འཛིན་ཡོད་པ། སྐད་ཡིག་བཀོལ་སྤྱོད་དང་ཡར་རྒྱས་ལ་སྨན་པ། གཅིག་གྱུར་གྱི་ནང་སྦྱོང་དང་ལྟ་རྟོག་ཡོང་རྒྱུ་བཅས་ཀྱི་ཆེད་དུ་ཕྱི་ལོ་༢༠༢༠ ཟླ་ ༤ ཚེས་ ༨ ནས་ཟླ་ ༥ ཚེས་༨ བར་འཛིན་རིམ་དང་པོ་ནས་བརྒྱད་པ་བར་གྱི་སློབ་མ་རྣམས་ཀྱི་ཆེད་བོད་ཡིག་རྩོམ་འབྲི་དང་དཔེ་ཀློག་གི་བྱ་འགུལ་ཞིག་གོ་སྒྲིག་ཞུས་ཡོད།
གོང་གསལ་ཟླ་བ་གཅིག་རིང་སློབ་མ་རྣམས་ཀྱིས་རྩོམ་ཡིག་དང་དཔེ་ཀློག་ཟིན་བྲིས་རྣམས་སློབ་ཁག་སོ་སོའི་བོད་དགེ་དང་། བོད་ཡིག་རྒྱུས་སྟོན་པར་ཕུལ་འབྱོར་བྱུང་རྗེས། རྒྱུས་སྟོན་པ་རྣམས་ཀྱིས་རྩོམ་ཡིག་དང་དཔེ་ཀློག་ཟིན་བྲིས་འདེམས་སྒྲུག་གནང་ནས་ཕྱི་ལོ་༢༠༢༠ ཟླ་ ༦ ཚེས་ ༡ ཉིན་ཤེས་རིག་ལས་ཁུངས་སུ་ཕུལ་བ་དང་། འདི་ལས་ནས་རྩོམ་ཡིག་དང་དཔེ་ཀློག་ཟིན་བྲིས་དྲག་འདེམས་ཆེད་ཚོགས་ཆུང་ཞིག་ཆེད་འཛུགས་ཞུས་ཏེ་ཕྱི་ལོ་༢༠༢༠ ཟླ་ ༦ ཚེས་ ༨ ནས་འདེམས་སྒྲུག་གནང་འགོ་བཙུགས་ཡོད།
གོང་གསལ་རྩོམ་འབྲི་དང་དཔེ་ཀློག་བྱ་འགུལ་ཁྲོད་འཛུལ་ཞུགས་གནང་མཁན་གྱི་གྲངས་གཤམ་གསལ་ལྟར་ཡིན།
༡། འཛིན་རིམ་དང་པོ་ནས་བརྒྱད་པ་བར་གྱི་རྩོམ་འབྲིའི་བྱ་འགུལ། | |||
ཨང་། | སློབ་སྡེ། | འཛུལ་ཞུགས་གནང་མཁན་སློབ་ཕྲུག་གྲངས། | རྩོམ་ཡིག་གྲངས། |
༡ | བལ་ཡུལ་གངས་ཅན་བདེ་རྩ། | ༢༨ | ༤༢ |
༢ | མ་སུ་རི་བོད་ཁྱིམ། | ༡༣༤ | ༩༩༧ |
༣ | དྷ་ས་བོད་ཁྱིམ། | ༡༤༣ | ༡༠༩༣ |
༤ | སཾ་བྷོ་ཊ། | ༤༧༦ | ༣༠༦༣ |
ཁྱོན་བསྡོམས། | ༧༨༡ | ༥༡༩༥ | |
༢། འཛིན་རིམ་དང་པོ་ནས་བརྒྱད་པ་བར་གྱི་དཔེ་ཀློག་བྱ་འགུལ། | |||
ཨང་། | སློབ་སྡེ། | འཛུལ་ཞུགས་གནང་མཁན་སློབ་ཕྲུག་གྲངས། | དཔེ་དེབ་གྲངས། |
༡ | མ་སུ་རི་བོད་ཁྱིམ། | ༡༩༢ | ༨༦༩ |
༢ | དྷ་ས་བོད་ཁྱིམ། | ༡༤༢ | ༦༧༤ |
༣ | སཾ་བྷོ་ཊ། | ༣༩༠ | ༡༥༠༠ |
ཁྱོན་བསྡོམས། | ༧༢༤ | ༣༠༤༣ |
སློབ་སྡེ་ཁག་གི་བོད་དགེ་རྣམ་པ་དང་། བོད་ཡིག་རྒྱུས་སྟོན་པ་རྣམ་པ། ཤེས་རིག་ལས་ཁུངས་ཀྱི་འདེམས་སྒྲུག་ཚོགས་ཆུང་བཅས་རིམ་པ་གསུམ་ནས་གོང་གསལ་རྩོམ་ཡིག་དང་དཔེ་ཀློག་ཟིན་བྲིས་ཁག་དྲག་འདེམས་གནང་རྗེས། མཐར་གཤམ་གསལ་ཐོ་གཞུང་ལྟར་བྱ་དགའ་དང་ལག་ཁྱེར་འབུལ་གཏན་ཁེལ་ཡོད།
༡། རྩོམ་ཡིག་རྩེ་ཕུད་བྱ་དགའ། | |||
ཨང་། | སློབ་སྡེ། | བྱ་དགའ་ཐོབ་པའི་སློབ་ཕྲུག་གྲངས། | ཟུར་བརྗོད། |
༡ | བལ་ཡུལ་གངས་ཅན་བདེ་རྩ། | ༩ | བྱ་དགའི་དངུལ་སློབ་སྡེ་སོ་སོའི་སྤྱི་ཁྱབ་ཡིག་ཚང་བརྒྱུད་འབུལ་རྒྱུ་དང་ལག་ཁྱེར་སློབ་གྲྭ་སོ་སོར་ཐད་ཀར་ཁུངས་འགྲེམས་ཞུ་རྒྱུ། |
༢ | མ་སུ་རི་བོད་ཁྱིམ། | ༩ | |
༣ | དྷ་ས་བོད་ཁྱིམ། | ༡༣ | |
༤ | སཾ་བྷོ་ཊ། | ༢༡ | |
ཁྱོན་བསྡོམས། | ༥༢ |
༡། དཔེ་ཀློག་རྩེ་ཕུད་བྱ་དགའ། | |||
ཨང་། | སློབ་སྡེ། | བྱ་དགའ་ཐོབ་པའི་སློབ་ཕྲུག་གྲངས། | ཟུར་བརྗོད། |
༢ | མ་སུ་རི་བོད་ཁྱིམ། | ༢ | བྱ་དགའི་དངུལ་སློབ་སྡེ་སོ་སོའི་སྤྱི་ཁྱབ་ཡིག་ཚང་བརྒྱུད་འབུལ་རྒྱུ་དང་ལག་ཁྱེར་སློབ་གྲྭ་སོ་སོར་ཐད་ཀར་ཁུངས་འགྲེམས་ཞུ་རྒྱུ། |
༣ | དྷ་ས་བོད་ཁྱིམ། | ༡༣ | |
༤ | སཾ་བྷོ་ཊ། | ༡༧ | |
ཁྱོན་བསྡོམས། | ༣༢ |
༡། རྩོམ་ཡིག་མང་ཤོས་འབྲི་མཁན་གྱི་བྱ་དགའ། | |||
ཨང་། | སློབ་སྡེ། | བྱ་དགའ་ཐོབ་པའི་སློབ་ཕྲུག་གྲངས། | ཟུར་བརྗོད། |
༡ | བལ་ཡུལ་གངས་ཅན་བདེ་རྩ། | ༡ | བྱ་དགའི་དངུལ་སློབ་སྡེ་སོ་སོའི་སྤྱི་ཁྱབ་ཡིག་ཚང་བརྒྱུད་འབུལ་རྒྱུ་དང་ལག་ཁྱེར་སློབ་གྲྭ་སོ་སོར་ཐད་ཀར་ཁུངས་འགྲེམས་ཞུ་རྒྱུ། |
༢ | མ་སུ་རི་བོད་ཁྱིམ། | ༢ | |
༣ | དྷ་ས་བོད་ཁྱིམ། | ༧ | |
༤ | སཾ་བྷོ་ཊ། | ༢ | |
ཁྱོན་བསྡོམས། | ༡༢ |
༡། རྩོམ་ཡིག་བཅུ་ཡན་འབྲི་མཁན་གྱི་གཟེངས་བསྟོད་ཕྱག་ཁྱེར། | |||
ཨང་། | སློབ་སྡེ། | སློབ་ཕྲུག་གྲངས། | ཟུར་བརྗོད། |
༡ | མ་སུ་རི་བོད་ཁྱིམ། | ༦༥ | ལག་ཁྱེར་སློབ་གྲྭ་སོ་སོར་ཐད་ཀར་ཁུངས་འགྲེམས་ཞུ་རྒྱུ། |
༢ | དྷ་ས་བོད་ཁྱིམ། | ༦༠ | |
༣ | སཾ་བྷོ་ཊ། | ༡༦༠ | |
ཁྱོན་བསྡོམས། | ༢༨༥ |
གོང་གསལ་བྱ་དགའ་ཐོབ་མཁན་རྣམས་ལ་ཧིན་སྒོར་ལྔ་བརྒྱ་རེ་དང་གཟེངས་བསྟོད་ཕྱག་ཁྱེར་རེ་འབུལ་རྒྱུ་དང་། རྩོམ་ཡིག་བཅུ་ཡན་འབྲི་མཁན་ཡོངས་ལ་གཟེངས་བསྟོད་ཕྱག་ཁྱེར་རེ་འབུལ་གཏན་ཁེལ་བ་བཅས། །