ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ ལས་ཁུངས་དང་། ཨ་རི་བོད་ཀྱི་ཐེབས་རྩ་ཐུན་མོང་ ནས་གསལ་བསྒྲགས་ཞུ་རྒྱུར། སྲིད་སྐྱོང་ཆེད་ལས་སློབ་ཡོན་དེ་ བཞིན་འདི་ལོ་གཙུག་ལག་རབ་འབྱམས་ པའི་སློབ་མ་ ༥ ལ་སློབ་ཡོན་གནང་རྒྱུ། སློབ་ཡོན་འདི་ཤེས་རིག་ལས་ཁུངས་ བརྒྱུད་ཨ་རི་བོད་ཀྱི་ཐེབས་རྩ་ ནས་གནང་རྒྱུ། སློབ་ཡོན་ལས་འཆར་འདིའི་དམིགས་ ཡུལ་གཙོ་བོ་ནི། རྒྱ་བལ་འབྲུག་གསུམ་གནས་འཁོད་བོད་ མིའི་སློབ་མ་རྩེ་ཕུད་རྣམས་རང་ཉི ད་ཀྱི་འདོད་མོས་ཆེ་བའི་ཆེད་ལས་ སློབ་སྦྱོང་ཆེད་མཐོ་སློབ་ལེགས་ གྲས་ཁག་ནང་སློབ་སྦྱོང་བྱ་རྒྱུར་ རོགས་སྐྱོར་ཆེད་ཡིན། སློབ་ཡོན་འདི་ལ་དགོས་ངེས་ཆ་རྐྱེ ན་ཚང་རིགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ འགྱངས་མེད་གཤམ་གསལ་དྲྭ་ལམ་སྦྲེ ལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་པ་ དགོས།
Application Form
སློབ་ཚན་ཁག འཚང་སྙན་འབུལ་མི་རྣམས་ནས་གཤམ་
༡། MD (Doctor of Medicine), MDS (Master of Dental Surgery)
༢། LLB / LLM (Master of Laws)
༣། MBA (Master of Business Administration)
སློབ་ཡོན་ཚད་གཞི།
སློབ་ཡོན་འདིའི་ཁོངས་འདེམས་ཐོན་ བྱུང་བའི་སློབ་མ་སོ་སོས་མཐོ་སློ བ་ཏུ་སློབ་ཡོན་དོད་གང་ཕུལ་བའི་ བྱུང་འཛིན་ནང་གསལ་ལྟར་སློབ་ཡོན་ མཐོ་ཚད་ཧིན་སྒོར་འབུམ་གཉིས་ ༢༠༠༠༠༠ བར་འབུལ་རྒྱུ་དང་། སློབ་ཡོན་མ་ཡིན་པའི་འགྲོ་གྲོན་ གཞན་ཆེད་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠ བཅས་འབུལ་རྒྱུ། སྲིད་སྐྱོང་ཆེད་ལས་སློབ་ཡོན་ཁོ ངས་འདེམས་ཐོན་ཟིན་པ་རྣམས་བསླབ་པ་ མཐར་མ་སོན་བར་སློབ་ཡོན་གནང་རྒྱུ ། སློབ་ཡོན་དངུལ་འབོར་རྩིས་གཞི་སློ བ་ཕྲུག་སོ་སོའི་ལོ་རེའི་ཡིག་ཚད་ གྲུབ་འབྲས་དང༌། མཐོ་སློབ་ཀྱི་སློབ་ཡོན་འཕར་ཆག་ གནས་སྟངས་གཞིར་བཟུང་ཐག་གཅོད་ གནང་རྒྱུ།སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ ཆ་རྐྱེན་དང་དགོས་ཁོའི་ཡིག་ཆ་ཁག་ གཤམ་གསལ།
༡། སློབ་ཡོན་འདི་བཞིན་ཟུར་སྦྱར་མཐོ ་སློབ་མིང་གཞུང་ནང་གི་མཐོ་སློབ་ གང་རུང་གཅིག་གི་ནང་སློབ་འཇུག་ཟི ན་པ་ཞིག་དགོས།
༢། འཚང་སྙན་འབུལ་མི་རྣམས་བཙན་བྱོལ་ བོད་མི་ཡིན་པ་གང་ཞིག་དོ་བདག་དང་ ཕ་མའི་དྭང་བླངས་དཔྱ་དངུལ་ ༢༠༡༩ བར་གཙང་འབུལ་ཟིན་པ་དང༌། རྒྱ་གར་དུ་གནས་སྡོད་བྱེད་མཁན་ཡི ན་ན་སྐྱབས་བཅོལ་ལག་དེབ་དུས་འགྱ ངས་བཀའ་འཁྲོལ་ཡོད་པ་ཞིག་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་ འགེངས་ཤོག ཀ་ པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་ གནས་ཡུལ་གྱི་ས་གནས་འགོ་འཛིན་ནས་ དག་མཆན་ཞུ་དགོས།
༣། འཚང་སྙན་འབུལ་མི་རྣམས་སྤྱི་ཡོ ངས་ངོས་འཛིན་ཡོད་པའི་གཙུག་ལག་སློ བ་གཉེར་ཁང་ཞིག་ནས་གོང་འཁོད་སློ བ་ཚན་གང་རུང་ཐོག་ཉེ་བའི་གཙུག་ ལག་རབ་འབྱམས་པའི་ཡིག་རྒྱུགས་ཀྱི ་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ་ཞིག་དགོས། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡི ག་རྒྱུགས་ཨང་ཤོག་དང་ལག་འཁྱེར་གི ་ངོ་བཤུས་འབུལ་དགོས།
༤། རང་ཉིད་ཀྱི་མཐོ་སློབ་དགེ་རྒན་ དང༌། སློབ་སྤྱི་གང་རུང་ནས་རྒྱབ་གཉེར་ ཡི་གེ་ཁག་གཉིས་རེ་ (Reference letter) ཞུ་འབུལ་དགོས།
༥། དོ་བདག་གི་མི་ཚེའི་ལོ་རྒྱུས་མདོ ར་བསྡུས་ (Curriculum Vitae) ཤོག་གྲངས་གཉིས་ལས་མ་ཉུང་བ་འབུལ་ དགོས།
༦། ཟུར་སྦྱར་མཐོ་སློབ་ཁང་གང་རུང་ཞི ག་གི་ནང་སློབ་འཇུག་ཟིན་པའི་ངོ་ སྦྱོར་ཡི་གེ་ཞིག་ངེས་འབུལ་དགོས་ རྒྱུ།
༧། རང་ཉིད་སྒེར་གྱི་འགྲེལ་བརྗོད་ ( personal statement ) ཤོག་གྲངས་གཅིག་ལས་མ་ཉུང་བ་འབུ ལ་དགོས།
༡། སློབ་ཡོན་འདི་བཞིན་ཟུར་སྦྱར་མཐོ
༢། འཚང་སྙན་འབུལ་མི་རྣམས་བཙན་བྱོལ་
༣། འཚང་སྙན་འབུལ་མི་རྣམས་སྤྱི་ཡོ
༤། རང་ཉིད་ཀྱི་མཐོ་སློབ་དགེ་རྒན་
༥། དོ་བདག་གི་མི་ཚེའི་ལོ་རྒྱུས་མདོ
༦། ཟུར་སྦྱར་མཐོ་སློབ་ཁང་གང་རུང་ཞི
༧། རང་ཉིད་སྒེར་གྱི་འགྲེལ་བརྗོད་ (
འབྲེལ་གཏུག་བྱ་ཡུལ། བསོད་ནམས་བཟང་མོ། [email protected]
བློ་བཟང་དར་རྒྱས། [email protected]
Department of Education, CTA
Gangchen Kyishong
Dharamsala – 176 215
Dist. Kangra, Himachal Pradesh, India
Ph: 01892 – 226695, 222572, 222721
website: www.sherig.org/www.lamton.org