ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཨ་རིར་རྟེན་གཞི་བྱས་པའི་སེམས་དང་སྲོག་གི་བསྟི་གནས་ཁང་གིས་ངོ་དེབ་ཐོག་གསལ་བསྒྲགས་སྤེལ་དོན་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༠ རེས་གཟའ་སྤེན་པའི་ཉིན་གྱི་སྔོ་དྲོ་ཆུ་ཚོད་ ༨ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་བསྐྱང་གཏན་འཁེལ་འདུག
སྤྱིར་དེང་སྐབས་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཆེ་བའི་ཛ་དྲག་གི་དུས་སྐབས་དང་བསྟུན་བགྲོ་གླེང་དང་ཚོགས་འདུ་སོགས་དྲ་རྒྱའི་ལམ་ནས་གནང་སྲོལ་ཡོད་པ་ལྟར། ཐེངས་འདིའི་བགྲོ་གླེང་དེ་བཞིན་དྲ་ལམ་བརྒྱུད་ཐད་གཏོང་ཞུ་གཏན་འཁེལ་ཡོད་པ་བཅས། །