ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་བཅུ་གཉིས་པ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་སྨན་པ་ཚེ་རིང་མཚམས་གཅོད་ལགས་རྣམ་གཉིས་ཡིན།
དུས་རྒྱུན་ལྟར་གསལ་བསྒྲགས་ནང་དོན་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་དང་། བྱེ་བྲག་ཏུ་རྒྱ་བལ་འབྲུག་གསུམ་གྱིས་གཙོས་བཙན་བྱོལ་བོད་མིའི་གནས་སྟངས། གསུམ་པ། ཚོགས་ཆུང་གི་གྲུབ་ཐོན། བཞི་པ། བཀོད་ཁྱབ་ལམ་སྟོན་ཁག ལྔ་པ། ཐུགས་སྣང་རེ་སྐུལ་བཅས་ཡིན།
དང་པོ། འཛམ་གླིང་སྤྱི་ཡོངས་ནང་ད་ལྟའི་གནས་སྟངས།
ཁྱོན་ད་བར་ནད་གཞི་ཕོག་པ་གྲངས། ༨༣༤༩༩༥༠ ༼ས་ཡ་བརྒྱད་དང་སུམ་འབུམ་བཞི་ཁྲི་དགུ་སྟོང་དགུ་བརྒྱ་ལྔ་བཅུ།༽
ནད་པ་འདས་གྲོངས་སོང་བའི་གྲངས། ༤༡༦༢༠༡ ༼བཞི་འབུམ་ཆིག་ཁྲི་དྲུག་སྟོང་ཉིས་བརྒྱ་བཅུ་མེད་ཅིག༽
དྲག་བསྐྱེད་སོང་བ་མི་གྲངས། ༣༤༥༤༨༠༧༼ས་ཡ་གསུམ་དང་བཞི་འབུམ་ལྔ་ཁྲི་བཞི་སྟོང་བརྒྱད་རྒྱ་བདུན།༽
གནས་ཚུལ་ཁུངས་བཅོལ། https://www.who.int/emergencies/diseases/novel-coronavirus-2019
གཉིས་པ། བྱེ་བྲག་ཏུ་རྒྱ་བལ་འབྲུག་གསུམ་གྱིས་གཙོས་བཙན་བྱོལ་བོད་མིའི་ནང་གནས་སྟངས།
༢།༡ རྒྱ་གར་ནང་གི་གནས་སྟངས།
ཁྱོན་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས། ༣༦༦༩༤༦ ༼འབུམ་གསུམ་དང་དྲུག་ཁྲི་དྲུག་སྟོང་དགུ་བརྒྱ་ཞེ་དྲུག༽
དྲག་བསྐྱེད་བྱུང་བ་གྲངས། ༡༩༤༣༢༤ ༼ཆིག་འབུམ་དགུ་ཁྲི་བཞི་སྟོང་སུམ་བརྒྱ་ཉེར་བཞི།༽
ད་ལྟ་ནད་མནར་བཞིན་པ་གྲངས། ༡༦༠༣༨༤ ༼ཆིག་འབུམ་དྲུག་ཁྲི་སྟོང་མེད་སུམ་བརྒྱ་བརྒྱད་ཅུ་གྱ་བཞི།༽
ནད་པ་འདས་གྲོངས་སོང་བ་གྲངས། ༡༢༢༣༧ ༼ཆིག་ཁྲི་ཉིས་སྟོང་ཉིས་བརྒྱ་སུམ་ཅུ་སོ་བདུན།༽
མངའ་སྡེ་གྲངས་ཇི་ཙམ་ལ་ཁྱབ་གདལ་སོང་བའི་གྲངས། ༣༦ ༼སུམ་ཅུ་སོ་དྲུག༽
གནས་ཚུལ་ཁུངས་བཅོལ། https://www.mohfw.gov.in/ as on: 18 June 2020, 08:00 IST (GMT+5:30)
བོད་མི་འདུ་སྡོད་ཆེ་སའི་མངལ་ཁུལ་གྱི་གནས་སྟངས།
ཧི་མཱ་ཅལ། ༡༨༩ (Himachal – Total Cases – 585, Death- 6, Recovered-372, Active-189)
ལྡི་ལི། ༢༧༧༤༡ ལྷོ་ཕྱོགས་ཀར་ཎ་ཊ་ཀ ༢༨༢༨ ཨོ་ཌི་ཤ། ༡༢༨༠ ལ་དྭགས། ༥༩༤ བཅས་རྒྱ་གར་ནང་ཚབས་ཆེ་ཤོས་ ༡། མཱ་ཧཱ་རཤ་ཏྲ། ༥༡༩༣༥ ༢། ལྡི་ལི། ༢༧༧༤༡ ༣། ཏ་མིལ་ནཱ་ཌུ། ༢༡༩༩༣ ༤། གུ་ཇི་ར་ཏི།༦༡༠༣ ད་ལྟ་ནད་གཞི་རྩད་གཅོད་བྱུང་ཞིང་ནད་མནར་བཞིིན་པའི་གྲངས།
གནས་ཚུལ་ཁུངས་བཅོལ། https://www.mygov.in/corona-data/covid19-statewise-status
ནད་གཞི་ཡོད་མེད་བརྟག་དཔྱད་མི་གྲངས། As on 18th June 2020, 11.30 am
རྒྱ་གར་ནང་ཁྱོན་མི་གྲངས་ ༦༢༤༩༦༦༨༼ས་ཡ་དྲུག་དང་ཉིས་འབུམ་བཞི་ཁྲི་དགུ་སྟོང་དྲུག་བརྒྱ་དྲུག་ཅུ་རེ་བརྒྱད།༽ལ་ད་བར་ནད་གཞི་ཡོད་མེད་བརྟག་དཔྱད་ཟིན། འདི་ཟླའི་ཚེས་ ༡༧ ཉིན་ཁྱོན་མི་གྲངས་ ༡༦༥༤༡༢༼ཆིག་འབུམ་དྲུག་ཁྲི་ལྔ་སྟོང་བཞི་བརྒྱ་བཅུ་གཉིས།༽ བརྟག་དཔྱད་བྱས་པ། https://www.icmr.gov.in/ རྒྱ་གར་ནང་ཁྱོན་གཞུང་དང་སྒེར་གྱི་བརྟག་དཔྱད་ཁང་བསྡོམས་གྲངས་ ༩༥༣ ཡོད་འདུག https://www.icmr.gov.in/pdf/covid/labs/COVID_Testing_Labs_17062020.pdf
༢།༢ བལ་ཡུལ་ནང་གི་གནས་སྟངས།
ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༧༡༧༧ དྲག་བསྐྱེད་བྱུང་བ། ༡༡༦༧ འདས་གྲོངས་སོང་བ། ༢༠ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༥༩༩༠ ཁྱོན་ནད་པ་བརྟག་དཔྱད་བྱས་པ་གྲངས། ༡༤༩༧༧༢ བཅས་ཀྱི་གནས་སྟངས།
གནས་ཚུལ་ཁུངས་བཅོལ། https://covidnepal.org/ As on 18th June 2020, 11.30 am
༢།༣ འབྲུག་ནང་གི་གནས་སྟངས།
ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༦༧ དྲག་བསྐྱེད་བྱུང་བ། ༢༤ འདས་གྲོངས་སོང་བ། ༠ ད་ལྟ་མནར་བཞིན་པ་ནད་པའི་གྲངས། ༤༣ བཅས་ཀྱི་གནས་སྟངས།
གནས་ཚུལ་ཁུངས་བཅོལ། https://www.gov.bt/covid19/ As on 18th June 2020, 11.30 pm
བལ་ཡུལ་དང་འབྲུག་ནང་ད་ཆ་བོད་མི་སུ་ལའང་ནད་གཞི་འདི་ཕོག་པ་བྱུང་མེད །
༢།༤ བཙན་བྱོལ་བོད་མིའི་ནང་གནས་སྟངས།
བདུན་ཕྲག་འདིའི་ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་ལ་བོད་མི་གྲངས་༧ ༼སྐྱེས་པ་རང་ལོ་ ༥༨ རང་ལོ་ ༢༨ དང་བུད་མེད་རང་ལོ་ ༢༣ རང་ལོ་ ༢༠ རང་ལོ་་༥༥ རང་ལོ་་༢༣ རང་ལོ་་༢༡༽ ལ་ནད་གཞི་ཕོག་པ་རྩད་གཅོད་བྱུང་ཡོད་པའི་ནང་མི་གསུམ། ༼བུད་མེད་རང་ལོ་ ༢༣ རང་ལོ་ ༢༠ རང་ལོ་ ༢༡༽དྲག་བསྐྱེད་བྱུང་ཟིན་པའི་གནས་ཚུལ། དེ་བཞིན་རྒྱལ་ས་ལྡི་ལིའི་ནང་བོད་མི་གྲངས་ ༣ ༼སྐྱེས་པ་རང་ལོ་ ༧༨ རང་ལོ་ ༣༤ བུད་མེད་རང་ལོ་ ༢༩༽ ལ་ནད་གཞི་ཕོག་ཅིང་མི་ ༡ ༼སྐྱེས་པ་རང་ལོ་ ༧༨ སོན་པ་དེ་༼ཟླ་ ༦ ཚེས་ ༡༠ ཉིན།༽འདས་གྲོངས་སོང་ཟིན་པའི་གནས་ཚུལ་ཞུ།
དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་བོད་མི་གྲངས་ ༡ ༼སྐྱེས་པ་རང་ལོ་ ༣༠༽ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་འདུག་པས་ཁྱོན་ད་བར་རྒྱ་གར་ནང་བོད་མི་གྲངས་ ༢༤ ལ་ནད་གཞི་ཕོག་པ་ར་ཕྲོད་བྱུང་ཞིང་མི་གྲངས་ ༢ ཚེ་འདས་སོང་ཡོད་པ་དང་། མི་གྲངས་ ༡༣ དྲག་བསྐྱེད་བྱུང་ཡོད་པ་དང་། ད་ཆ་མི་གྲངས་ ༩ ནད་མནར་བཞིན་པའི་གནས་སྟངས་ཞུ། ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འགོ་འཛིན་དང་ས་གནས་གསོ་རིག་སྨན་པ། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ནས་འབྲེལ་བ་གནང་བཞིན་ད་ལྟའི་ཆར་ནད་མནར་བཞིན་པ་རྣམས་ལ་དམིགས་བསལ་ཚབས་ཆེའི་ནད་རྟགས་གང་ཡང་མེད་པའི་གནས་ཚུལ་རྒྱུས་ལོན་བྱུང་ཡོད།
ཕྱི་རྒྱལ་གནས་བཞུགས་བོད་མིའི་གནས་སྟངས།
ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁང་ནས་ད་ཆ་བྱང་ཨ་རི་དང་ཡུ་རོབ་ཁུལ་དུ་ནད་ཡམས་འདིའི་གནས་སྟངས་ཇེ་ལེགས་ཏུ་འགྲོ་བཞིན་ཡོད་པས་བདུན་ཕྲག་འདིའི་ནང་ཕྱི་རྒྱལ་གནས་བཞུགས་བོད་མིའི་ནང་ནས་ནད་ཕོག་པ་གསར་པ་རྩད་གཅོད་བྱུང་བ་ས་གནས་ནས་གནས་ཚུལ་འབྱོར་མེད་སྟབས་གྲངས་ཐོ་གང་ཡིན་གཤམ་གསལ་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གསལ་བ་ལྟར་ཡིན།
བོད་མིའི་སྒྲིག་འཛུགས་དྲ་རྒྱ། https://tibet.net/covid-19/
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་རྒྱ https://tibetanhealth.org/
གསུམ་པ། ལས་དོན་ཚོགས་ཆུང་གི་གྲུབ་ཐོན།
འགོག་དབྱེ་ཟུར་འཇོག་གི་གྲངས་ཐོ།
འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་སྡེ་ཚན་ནས་གནས་ཚུལ་བསྡུས་པ་གཞིར་བཟུང་ད་ལྟའི་ཆར་རྒྱ་གར་ནང་ས་གནས་གྲངས་ ༣༥ ཁྱོན་བོད་མི་གྲངས་ ༡༡༠༩ ཏེ་མི་གྲངས་ ༦༦༡ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་མི་གྲངས་ ༤༤༨ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་བཀག་ཁང་པའི་ནང་གནས་བཞིན་ཡོད།
རྡ་ས་ཁུལ་དུ་ད་ལྟའི་ཆར་ཕྱི་ནས་ཕེབས་མཁན་བོད་མི་རྣམས་འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་བཞིན་ཡོད་ན་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་རྐྱེན་སྦྱར་བའི་དབུས་སྣེ་ལེན་ཁང་དུ་མི་གྲངས་ ༥༤ དང་། ཤུག་གསེབ་ཏུ་མི་གྲངས་ ༢༡ ཤེས་རབ་དགའ་ཚལ་སློབ་གླིང་དུ་མི་གྲངས་ ༧ སཱ་ར་དང་སྨན་རྩིས་ཁང་སོགས་ཚོགས་སྡེ་སོ་སོ་དང་། གཞན་རང་ཁྱིམ་བཞུགས་པ་མི་གྲངས་ ༡༨ བཅས་ཁྱོན་མི་གྲངས་ ༡༠༠ འགོག་དབྱེ་ཟུར་འཇོག་ཐོག་གནས་བཞིན་པ་ཡིན།
དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་ལས་རིམ།
རྡ་ས་ས་གནས་འགོ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ཚོགས་སྡེ་སོ་སོས་འགན་ཁུར་བའི་ཐོག་བདུན་ཕྲག་འདིའི་ནང་མི་གྲངས་ ༡༨༨༧ ལ་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་ཡོད་པ་དང་། ཟླ་འདིའི་ཚེས་ ༦ ནས་ས་གནས་ཁག་ལ་སྨན་ཞབས་པས་ཁྱིམ་ཚང་གི་སྒོ་ཁར་བསྐྱོད་མི་དགོས་པར་དེར་ཡོད་རྒས་འཁོགས་སོགས་ཉེན་ཚབས་ཆེ་བ་རྣམས་ལ་ཁ་པར་བརྒྱུད་འབྲེལ་བ་གནང་བ་ལས་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༣༢ དང་། བལ་ཡུལ་ས་གནས་གྲངས་ ༢ ནང་ཁྱོན་མི་གྲངས་ ༥༧༥༦ ལ་ (Above 60-4185, Vulnerable group -1572) ནད་རྟགས་ཡོད་མེད་དང་། དམིགས་བསལ་དཀའ་ངལ་ཡོད་མེད་འབྲེལ་འདྲིས་གནང་ཡོད་པ་དང་ཆབས་ཅིག་གྲངས་ཐོ་ཚན་པའི་སྡེ་ཚན་ནས་ས་གནས་སུ་ནད་གཞི་ཕོག་པའི་མི་རྣམས་ཀྱི་གྲངས་ཐོ་དང་ཡིག་ཆ་མཁོ་སྒྲུབ་སོགས་ Passive surveillance ལས་དོན་གནང་བཞིན་ཡོད།
གསོ་རིག་ལུས་སེམས་ནུས་གསོའི་སྨན་འགྲེམས་སྤེལ་ཞུས་སྐོར།
རྒྱ་གར་ནང་གི་ས་གནས་ཁག་ ༢༢ ནང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་བཞུགས་བོད་མི་གྲངས་ ༨༧༤ དང་། ས་གནས་ཁག་ ༢༣ ནང་ལོ་ན་ ༦༥ ཡན་བོད་མི་གྲངས་ ༣༤༠༩ ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་བགོ་འགྲེམས་གནང་ཟིན་འདུག དེ་བཞིན་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་གསུམ་བརྒྱུད་ཁྱོན་ལུས་སེམས་ནུས་གསོའི་སྨན་ (Immune Booster Package) གྲངས་༢༧༨ སྦྲག་ཐོག་བརྒྱུད་བཏང་ཟིན།
ས་གནས་ལ་ནད་ཡམས་སྔོན་འགོག་ཆེད་ལས་དོན་སྤེལ་བ།
- འདི་ནས་ལམ་སྟོན་གནང་བ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སོ་སོའི་རྫོང་དེ་ཚོན་མདོག་དམར་རྟགས་ཅན་ནང་ཚུད་པ་རྣམས་ནས་བདུན་རེའི་ནང་གཞིས་ཆགས་ཕྱི་ནང་དང་མི་མང་འདུ་འཛོམས་ཆེ་སར་དུག་སེལ་མུ་མཐུད་གནང་བཞིན་ཡོད།
- བདུན་ཕྲག་འདིའི་ནང་རྡ་ས་ཁུལ་དུ་ཕྱི་མི་འབྱོར་བ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༣༩ ལ་རྫོང་སྨན་ཁང་གི་མཐུན་འགྱུར་འོག་ནད་གཞི་ཡོད་མེད་བརྟག་དཔྱད་བྱས་པས་མི་གྲངས་ ༣༩ ལའང་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་ཡོད། ད་བར་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ནས་ཁྱོན་བོད་མི་གྲངས་ ༧༥༠ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱས་པས་རྒྱ་གར་ནང་གི་བོད་མིའི་གྲངས་འབོར་གྱི་བརྒྱ་ཆ་ ༢་༩ ལ་ནད་གཞི་ཕོག་ཡོད་པ་རེད།
- སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདི་གའི་ཚན་པས་མུ་མཐུད་འགོག་དབྱེ་ཟུར་འཇོག་ཏུ་གནས་བཞུགས་མི་རྣམས་༼ཁྱོན་མི་གྲངས་༡༠༢༤ ལས་མི་གྲངས་༩༨༠༽ལ་ཁ་པར་བརྒྱུད་སེམས་ཁམས་དཀའ་ངལ་དང་འབྲེལ་བའི་འབྲེལ་འདྲིས་གནང་བཞིིན་ཡོད་པ་དང་། དེ་བཞིན་ནད་གཞི་ཕོག་པ་རྩད་གཅོད་བྱུང་བ་རྣམས་ལ་ཁ་པར་ཐོག་འབྲེལ་བ་གནང་ནས་གནས་སྟངས་དང་དཀའ་ངལ་གདོང་ལེན་བྱེད་ཕྱོགས་ཐོག་སློབ་གསོ་ལམ་སྟོན་གནང་ཡོད། ནད་གཞི་ཕོག་པ་མང་ཆེ་བར་མི་མང་ནས་ནད་གཞི་ཕོག་པའི་ནད་པ་དང་དེའི་ཁྱིམ་མི་རྣམས་ལ་བལྟ་སྟངས་ཐོག་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་བརྒྱུད་ལོན་བྱུང་།
- ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་རྣམས་ལ་ཟབ་སྦྱོང་རིམ་པ་གསུམ་པ་སྟེ་དམིགས་སུ་བཀར་ནས་ཆེད་ལས་མཁས་དབང་གིས་གསུངས་པའི་གཏམ་བཤད་རྣམས་དྲ་རྒྱའི་ཐོག་ནས་ས་གནས་སྨན་པ་རྣམས་ལ་ཟབ་སྦྱོང་འབུལ་རྒྱུ་སྒོ་འཛུགས་གནང་ཡོད།
- ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཁ་རས་གྱོན་སྟངས་ཐོག་ལམ་སྟོན་གསར་པ་ཞིག་གནང་འདུག་པར་དེ་བོད་བསྒྱུར་ཟིན་ནས་ངོ་དེབ་དང་དྲ་རྒྱ་སོགས་ནང་སྤེལ་ཟིན།
བཞི་པ། གནས་ཡུལ་གཞུང་གི་གལ་ཆེའི་ལམ་སྟོན་དང་ཆེད་ལས་སྨན་པའི་ལམ་སྟོན།
https://www.mohfw.gov.in/pdf/GuidetoaddressstigmaassociatedwithCOVID19.pdf
https://www.mohfw.gov.in/pdf/ClinicalManagementProtocolforCOVID19.pdf
སྨན་པ་བརྩོན་འགྲུས་ལགས་ཀྱིས་མི་མང་ལ་ལམ་སྟོན་གཙོ་བོ། བོད་མིའི་སྒྲིག་འཛུགས་ནས་འགོག་དབྱེ་ཟུར་འཇོག་ཁང་གི་མཐུན་རྐྱེན་སྦྱར་ཡོད་པ་བཞིན་འགོ་ལས་དང་གཙོ་བོ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་བོད་མི་དོ་བདག་ནས་རང་ཉིད་དང་། སྤྱི་ཚོགས་ཀྱི་འགན་འཁྱེར་བའི་ཐོག་ཟུར་བཀག་ཏུ་ཡག་པོ་བཞུགས་དགོས་པའི་རེ་སྐུལ་ཞུས་པ་དང་ཆབས་ཅིག་འགོག་དབྱེ་ཟུར་འཇོག་ཁང་དུ་ཡག་པོ་མ་བཞུགས་ཚེ་བོད་མི་གཅིག་ནས་གཉིས་བྱས་ནད་ཡམས་ཁྱབ་གདལ་ཤུགས་ཆེ་ཕྱིན་ཚེ་ས་གནས་སྨན་ཁང་དང་ཆེད་ལས་པའི་མཐུན་རྐྱེན་ལ་གཞིགས་པའི་དཀའ་ངལ་ཆེན་པོ་འཕྲད་ཉེན་ཡོད་པས་ཚང་མས་གཟབ་གཟབ་དང་དོ་ཁུར་ནན་པོ་གནང་དགོས་པ་དང་། དེ་བཞིན་སྔ་རྗེས་ཞུས་པ་ལྟར་ད་ལྟའི་དུས་ཚོད་འདིར་གལ་ཆེ་དོན་ཆེན། ཛ་དྲག་ལས་དོན་ཡོད་ན་མ་གཏོགས་གཞན་འགྲུལ་བཞུད་མ་གནང་རྒྱུའི་འབོད་སྐུལ་དང་། ལྷག་པར་རྒྱ་གར་རྒྱལ་ས་ལྡི་ལི་སོགས་རྒྱལ་ས་ཆེ་ཁག་ནང་ཛ་དྲག་ཆེན་པོ་ཆགས་ཡོད་སྟབས་བོད་མི་རྣམས་རྒྱལ་ས་དེ་ཚོའི་བརྒྱུད་འགྲིམ་འགྲུལ་ལ་ངེས་པར་འཛེམ་དགོས་པའི་ལམ་སྟོན་གནང་།
ལྔ་པ། ཐུགས་སྣང་།
- ནད་ཡམས་འདི་ད་ཆ་བོད་པའི་སྤྱི་ཚོགས་ནང་ཁྱབ་གདལ་ཕྱིན་འགོ་ཚུགས་པས་བོད་མི་རྒན་བགྲེས་དང་ཕྲུ་གུ་ཆུང་བ་རྣམས་ལ་ཁྱིམ་ཚང་ནས་དམིགས་བསལ་ཐུགས་སྣང་གཟབ་གཟབ་གནང་དགོས་པའི་རེ་སྐུལ་དང་།
- དེ་བཞིན་རྒྱུན་དུ་ནད་གཞི་ལྕི་བའི་རིགས་ཡོད་པ་རྣམས་སྨན་ཁང་དུ་བརྟག་དཔྱད་ཆེད་ཕེབས་དགོས་བྱུང་ཚེ་སྔོན་འགོག་ཐབས་ལམ་གང་གཟབ་གཟབ་བསྟེན་དགོས་པའི་དྲན་སྐུལ་ཞུ་བ་དང་།
- ད་ཆ་དབྱར་ཁ་ཚ་བ་ཆེ་བའི་དུས་ཚོད་ཡིན་དུས་འཁྱག་ཆུ་བཏུང་བ་དང་། རླུང་འཁོར་དང་གྲང་གློག་འོག་ཡུན་རིང་སྡོད་པ། དེ་བཞིན་ཆར་དུས་འགོ་ཚུགས་བཞིན་པའི་གནམ་གཤིས་འགྱུར་བ་ཕྱིན་བཞིན་པའི་དུས་ཚོད་འདིར་མི་རྣམས་ཆར་པས་རློན་པ་སོགས་འབྱུང་ན་ཆམས་ནད་ཕོག་རྒྱུའི་ཉེན་ཁ་ཡོད་པས་ཚང་མས་གཟབ་གཟབ་གནང་དགོས།
- སྔོན་འགོག་ཚུལ་དུ་བོད་ཀྱི་གསོ་བ་རིག་པ་ལས་ཟས་སྤྱོད་བསྟེན་ཚུལ་དང་འབྲེལ། སྔ་དྲོ་ལྟོ་སྟོང་ལ་མ་ཎི་རིལ་བུ་སོགས་བྱིན་རླབས་རིགས་བསྟེན་པ། ཉིན་དགུང་ཆུ་བསྐོལ་དྲོད་འཇམ་ཡང་ཡང་བསྟེན་པ། རིམས་སྲུང་རིལ་བུ་བཅང་བ། སོ་སོའི་གཟུགས་ཁམས་ལ་འཕྲོད་པའི་གསོ་རིག་སྨན་ཇའི་རིགས་བསྟེན་པ། སྔ་དགོང་སྤོས་སྣ་དང་བདུག་རྫས་བདུག་པ་སོགས་གནང་དགོས།
- ས་གནས་ཀྱི་གནམ་གཤིས་དང་བསྟུན་ཚ་གྲངས་སྙོམ་པོ་ཡོད་སར་རྒས་གཅོང་རྣམས་ལ་འབྲས་ཐུག་དང་གྲོ་ཐོག་སླ་མོ། ཤ་རུས་ཁུ་བ། བ་འོ་དྲོད་འཇམ་བསྟེན་ཚེ་དེས་ལུས་ཟུངས་གསོ་ཞིང་རླུང་ཁ་གནོན་པར་ཕན་ཐོགས་ཡོད། ཟས་སྤྱོད་དང་སྨན་བསྟེན་སྐབས་ས་གནས་སུ་གསོ་བ་རིག་པའི་སྨན་པ་ལས་ལམ་སྟོན་ཞུ་རྒྱུ་ཤིན་ཏུ་གལ་ཆེ།
- ནད་གཞི་ཕོག་པ་རྣམས་ལ་དམིགས་བསལ་ཞུ་རྒྱུར། ནད་གཞི་ཕོག་པ་རྣམས་ལ་སེམས་ནང་སེམས་ཁྲལ་དང་དངངས་ཚབ་སྐྱེ་ངེས་ཀྱང་དེ་ལྟར་སེམས་ཚབ་དང་དངངས་སྐྲག་རྐྱེན་པས་ནད་གཞི་དྲག་བསྐྱེད་ལ་དུས་འགོར་སྲིད་པས་སེམས་ཚབ་དང་དངངས་སྐྲག་མ་སྐྱེས་པར་བཟང་ཕྱོགས་ཀྱི་བསམ་བློ་གཏོང་བའི་སྒོ་ནས་གསོ་བཅོས་བྱེད་ཚེ་ནད་གཞི་དྲག་བསྐྱེད་མགྱོགས་མྱུར་ཐོན་ངེས་ཡིན་པས་འབྲེལ་ཡོད་ནས་དེ་ལྟར་གནང་དགོས་པའི་རེ་སྐུལ་ཞུ།
- རྒྱ་གར་གཞུང་ནས་ལམ་སྟོན་གནང་བ་བཞིན་ནད་གཞི་ཕོག་པ་དང་དེའི་ནང་མི། དེ་བཞིན་སྨན་པ་དང་སྨན་ཞབས། འཕྲོད་ལས་པ་སུ་ལའང་སྤྱི་ཚོགས་ནང་དབྱེ་འབྱེད་ལྟ་བུའི་རྣམ་འགྱུར་སྟོན་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་འདུག་ན་མི་མང་ནས་དེ་ལྟར་མ་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན། འདིས་ནད་གཞི་ཁྱབ་གདལ་སྔོན་འགོག་དང་དོ་བདག་གི་སེམས་ཚོར་། དེ་བཞིན་སྔོན་འགོག་སྨན་བཅོས་སོགས་ལའང་འཐུས་ཤོར་དུས་འགྱངས་འགྲོ་ཉེན་ཆེ། དེའི་རྐྱེན་གྱིས་བོད་པའི་སྤྱི་ཚོགས་ནང་ནད་ཡམས་ཁྱབ་གདལ་ཆེ་རུང་འགྲོ་ཉེན་ཡོད་པས་ཚང་མས་ནད་པ་དང་འབྲེལ་ཡོད་ལས་མི་རྣམས་ལ་དབྱེ་འབྱེད་མ་གནང་བར་སོ་སོའི་ངོས་ནས་གང་ཐུབ་སྔོན་འགོག་གི་ཐབས་ལམ་བསྟན་རྒྱུ་ཤིན་ཏུ་གལ་ཆེ་བ་དེ་དོན་མི་མང་ལ་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། །