ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་བཅུ་གསུམ་པ་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་དང་སྨན་པ་ཚེ་རིང་མཚམས་གཅོད་ལགས་རྣམ་གཉིས་ཀྱིས་སྤེལ་སོང་།
དེ་ཡང་དུས་རྒྱུན་ལྟར་གསལ་བསྒྲགས་ནང་དོན་དང་པོ་འཛམ་གླིང་སྤྱི་ཡོངས་ནང་གནས་སྟངས་དང་། གཉིས་པ། བྱེ་བྲག་རྒྱ་བལ་འབྲུག་གསུམ་གྱིས་གཙོས་བཙན་བྱོལ་བོད་མིའི་ནང་གནས་སྟངས། གསུམ་པ། ཚོགས་ཆུང་གི་གྲུབ་ཐོན། བཞི་པ། ཐུགས་སྣང་ལམ་སྟོན་བཅས།
དང་པོ། འཛམ་གླིང་སྤྱི་ཡོངས་ནང་ད་ལྟའི་གནས་སྟངས།
ཁྱོན་ད་བར་ནད་གཞི་ཕོག་པ་གྲངས། ༩༡༢༩༡༤༦ ༼ས་ཡ་བརྒྱད་དང་སུམ་འབུམ་བཞི་ཁྲི་དགུ་སྟོང་དགུ་བརྒྱ་ལྔ་བཅུ།༽
ནད་པ་འདས་གྲོངས་སོང་བའི་གྲངས། ༤༧༣༧༩༧ ༼བཞི་འབུམ་ཆིག་ཁྲི་དྲུག་སྟོང་ཉིས་བརྒྱ་བཅུ་མེད་ཅིག༽
གནས་ཚུལ་ཁུངས་བཅོལ། https://www.who.int/emergencies/diseases/novel-coronavirus-2019
གཉིས་པ། བྱེ་བྲག་རྒྱ་བལ་འབྲུག་གསུམ་གཙོས་བཙན་བྱོལ་བོད་མིའི་ནང་གནས་སྟངས།
༢།༡ རྒྱ་གར་ནང་གི་གནས་སྟངས།
ཁྱོན་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས། ༤༧༣༡༠༥ ༼བཞི་འབུམ་བདུན་ཁྲི་སུམ་སྟོང་ཆིག་བརྒྱ་བཅུ་མེད་ལྔ།༽
དྲག་བསྐྱེད་བྱུང་བ་གྲངས། ༢༧༡༦༩༦ ༼ཉིས་འབུམ་བདུན་ཁྲི་ཆིག་སྟོང་དྲུག་བརྒྱ་དགུ་བཅུ་གོ་དྲུག༽
ནད་པ་འདས་གྲོངས་སོང་བ་གྲངས། ༡༤༨༩༤ ༼ཆིག་ཁྲི་བཞི་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་བཞི།༽
ད་ལྟ་ནད་མནར་བཞིན་པ་གྲངས། ༡༨༦༥༡༤ ༼ཆིག་འབུམ་བརྒྱད་ཁྲི་དྲུག་སྟོང་ལྔ་བརྒྱ་བཅུ་བཞི།༽
མངའ་སྡེ་གྲངས་ཇི་ཙམ་ལ་ཁྱབ་གདལ་སོང་བའི་གྲངས། ༣༥ ༼སུམ་ཅུ་སོ་ལྔ།༽
གནས་ཚུལ་ཁུངས་བཅོལ། https://www.mohfw.gov.in/ as on : 25 June 2020, 08:00 IST (GMT+5:30)
བོད་མི་འདུ་སྡོད་ཆེ་སའི་མངལ་ཁུལ་གྱི་གནས་སྟངས།
ཧི་མཱ་ཅལ། ༣༣༢ (Himachal – Total Cases – 806, Death- 6, Recovered-466, Active-332)
ལྡི་ལི། ༢༦༥༨༨ རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ། ༣༨༠༣ ཨོ་ཌི་ཤ། ༡༦༡༢ ལ་དྭགས། ༦༦༦ བཅས་རྒྱ་གར་ནང་ཚབས་ཆེ་ཤོས་ ༡། མཱ་ཧཱ་རས་ཏྲ་ – ༦༢༣༦༩ ༢། ལྡི་ལི། ༢༦༥༨༨ ཏ་མིལ་ནཱ་ཌུ། ༢༨༨༣༩ ༤། གུ་ཇི་ར་ཏི། ༦༡༢༠ ད་ལྟ་ནད་གཞི་རྩད་གཅོད་བྱུང་ཞིང་ནད་མནར་བཞིིན་པའི་གྲངས།
གནས་ཚུལ་ཁུངས་བཅོལ། https://www.mygov.in/corona-data/covid19-statewise-status as on: 25 June 2020, 08:00 IST (GMT+5:30
ནད་གཞི་ཡོད་མེད་བརྟག་དཔྱད་མི་གྲངས། CUMULATIVE TOTAL SAMPLES TESTED UP TO JUNE 24, 2020
རྒྱ་གར་ནང་ཁྱོན་མི་གྲངས་ ༧༥༦༠༧༨༢༼ས་ཡ་བདུན་དང་ལྔ་འབུམ་དྲུག་ཁྲི་སྟོང་མེད་བདུན་བརྒྱ་བརྒྱད་བཅུ་གྱ་གཉིས།༽ལ་ད་བར་ནད་གཞི་ཡོད་མེད་བརྟག་དཔྱད་ཟིན། འདི་ཟླའི་ཚེས་ ༢༤ ཉིན་ཁྱོན་མི་གྲངས་ ༢༠༧༨༧༡ ༼ཉིས་འབུམ་ཁྲི་མེད་བདུན་སྟོང་བརྒྱད་བརྒྱ་བདུན་ཅུ་དོན་གཅིག༽ ལ་བརྟག་དཔྱད་བྱས་པ། https://www.icmr.gov.in/ རྒྱ་གར་ནང་ཁྱོན་གཞུང་དང་སྒེར་གྱི་བརྟག་དཔྱད་ཁང་བསྡོམས་གྲངས་ ༡༠༠༧ ཡོད་འདུག https://www.icmr.gov.in/pdf/covid/labs/COVID_Testing_Labs_24062020.pdf
༢།༢ བལ་ཡུལ་ནང་གི་ཡུལ་མིའི་གནས་སྟངས།
ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༡༠༧༢༨ དྲག་བསྐྱེད་བྱུང་བ། ༢༣༣༨ འདས་གྲོངས་སོང་བ། ༢༤ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༨༣༦༦ ཁྱོན་ནད་པ་བརྟག་དཔྱད་བྱས་པ་གྲངས། ༡༩༣༡༩༤ བཅས་ཀྱི་གནས་སྟངས།
གནས་ཚུལ་ཁུངས་བཅོལ། https://covidnepal.org/ As on 25th June 2020, 11.00 am
༢།༣ འབྲུག་ནང་གི་ཡུལ་མིའི་གནས་སྟངས།
ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༧༠ དྲག་བསྐྱེད་བྱུང་བ། ༣༤ འདས་གྲོངས་སོང་བ། ༠ ད་ལྟ་མནར་བཞིན་པ་ནད་པའི་གྲངས། ༣༦ བཅས་ཀྱི་གནས་སྟངས།
གནས་ཚུལ་ཁུངས་བཅོལ། https://www.gov.bt/covid19/ As on 25th June 2020, 11.00 am
༢།༤ བཙན་བྱོལ་བོད་མིའི་ནང་གནས་སྟངས།
བདུན་ཕྲག་འདིའི་ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་ལ་བོད་མི་གྲངས་ ༦ ༼བུད་མེད་རང་ལོ་ ༣༨ ཅན་དང་རང་ལོ་ ༢༩ རང་ལོ་ ༢༥ རང་ལོ་ ༢༡ རང་ལོ་ ༢༣ རང་ལོ་ ༠༣༽ ལ་ནད་གཞི་ཕོག་པ་རྩད་གཅོད་བྱུང་འདུག ནད་གཞི་ཕོག་པ་རྣམས་ལ་ནད་རྟགས་དམིགས་བསལ་མེད་ཅིང་ད་ཆ་ཟུར་བཀག་ཏུ་བཞུགས་ཡོད་པ་དང་། བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནས་ ༡༼བུད་མེད་རང་ལོ་ ༢༧༽ ཁ་ཟས་ལ་བྲོ་བ་དང་དྲི་མ་ཚོར་བའི་ནད་རྟགས་ཅུང་མངོན། Positive with mild symptoms ད་ཆ་ Covid Centre Self Isolation བྱེད་ནས་གནས་ཡོད་པ། རྒྱ་གར་རྒྱལ་ས་ལྡི་ལི་ནས་ ༢ ༼སྐྱེས་པ་རང་ལོ་ ༨༢ བུད་མེད་རང་ལོ་ ༣༣༽ སྐྱེས་པ་རང་ལོ་ ༨༢ སོན་པ་གློང་ཅུང་ལྡང་བ་ལས་གཞན་ནད་རྟགས་དམིགས་བསལ་མེད་པ། ད་ཆ་ཏོག་དབྱིབས་གཉན་རིམས་སྨན་ཁང་ནང་ཡོད་བཞིན་པ། གཞན་དུ་བུད་མེད་རང་ལོ་ ༣༣ སོན་པར་ནད་རྟགས་ཅུང་མངོན་བཞིན་ད་ཆ་ཁྱིམ་དུ་ཟུར་བཀག་གནས་བཞིན་ཡོད་པ། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ནས་ ༡ ༼སྐྱེས་པ་རང་ལོ་ ༣༡ ཡིན་པ། ནད་རྟགས་དམིགས་བསལ་མེད་པ། ད་ཆ་རྫོང་གི་ཏིག་དབྱིབས་གཉན་རིམས་བསྟི་གནས་ཁང་ནང་ཡོད་པ། ཏེ་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ནས་ ༡ ༼བུད་མེད་རང་ལོ་ ༢༥ ནད་རྟགས་དམིགས་བསལ་མེད་པ། ད་ཆ་རྒྱ་གར་གཞུང་གི་ཏོག་དབྱིབས་གཉན་རིམས་བསྟི་གནས་ནང་ཡོད་པ། རྒྱ་གར་བྱང་ཕྱོགས་རྡ་ས་ནས་ ༡ ༼བུད་མེད་རང་ལོ་ ༡༩ ནད་རྟགས་དམིགས་བསལ་མེད། ད་ཆ་རྫོང་གི་ཏོག་དབྱིབས་གཉན་རིམས་བསྟི་གནས་ཁང་ནང་ཡོད་པ། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་ ༡ ༼བུད་མེད་རང་ལོ་ ༤༢ སོན་པ། ནད་རྟགས་དམིགས་བསལ་མེད་པ། ད་ཆ་རྫོང་གི་ ཏོག་དབྱིབས་གཉན་རིམས་བསྟི་གནས་ཁང་ནང་ཡོད་པ། བལ་ཡུལ་ནང་ནས་བོད་མི་ ༡ ༼སྐྱེས་པ་རང་ལོ་ ༨༣ སོན་པ། ནད་རྟགས་དམིགས་བསལ་མེད་པ། ད་ཆ་ཚོགས་སྡེའི་ཟུར་བཀག་ནང་གནས་བཞིིན་པ་བཅས་ནད་གཞི་ཕོགས་པ་ཕལ་ཆེ་བ་རྒྱལ་ནང་འགྲུལ་བཞུད་བྱས་པ་བརྒྱུད་ནས་ཐོན་པའི་གནས་ཚུལ་བརྒྱུད་ལོན་བྱུང་ཡོད།
ད་བར་ཁྱོན་རྒྱ་གར་དང་བལ་ཡུལ་ནང་བོད་མི་གྲངས་ ༣༨ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཞིང་མི་གྲངས་ ༢ འདས་གྲོངས་སུ་གྱུར་ཡོད་པ་དང་། མི་གྲངས་ ༡༧ དྲག་བསྐྱེད་བྱུང་ཡོད་པ་དང་། ད་ཆ་མི་གྲངས་ ༡༩ ནད་མནར་བཞིན་པའི་གནས་སྟངས་ཞུ། ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འཕྲོད་བསྟེན་ཚོགས་ཆུང་དང་དེ་བཞིན་འདི་ག་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པ་ནས་ཞལ་པར་བརྒྱུད་འབྲེལ་བ་གནང་ཞིང་ད་ཆ་མི་རྣམས་ཀྱི་ལུས་པོའི་གནས་སྟངས་དམིགས་བསལ་ཛ་དྲག་མིན་འདུག་ཀྱང་སེམས་ལ་རང་ཉིད་ནད་གཞི་ཕོག་པ་དང་འབྲེལ་རང་ཉིད་ཀྱི་ནང་མི་བུ་ཕྲུག་ཐོག་སེམས་ཁྲལ་དང་དཀའ་ངལ་ཡོད་པ་རྣམས་ལ་སློབ་གསོ་གནང་ཐུབ་པ་བྱུང་།
ཕྱི་རྒྱལ་གནས་བཞུགས་བོད་མིའི་གནས་སྟངས།
འདས་པའི་བདུན་ཕྲག་ནང་ཕྱི་རྒྱལ་ཁུལ་གྲུ་ཁག་ཏུ་བོད་མི་ནད་གཞི་ཕོག་པ་སྐུ་ཚབ་དོན་གཅོད་བརྒྱུད་གནས་ཚུལ་འབྱོར་མེད་སྟབས་གྲངས་ཐོ་གང་ཡིན་གཤམ་གསལ་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གསལ་བ་ལྟར་ཡིན།
བོད་མིའི་སྒྲིག་འཛུགས་དྲ་རྒྱ། https://tibet.net/covid-19/
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་རྒྱ https://tibetanhealth.org/
གསུམ་པ། ལས་དོན་ཚོགས་ཆུང་གི་གྲུབ་ཐོན།
འགོག་དབྱེ་ཟུར་འཇོག་གི་གྲངས་ཐོ།
འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་སྡེ་ཚན་ནས་གནས་ཚུལ་བསྡུས་པ་གཞིར་བཟུང་ད་ལྟའི་ཆར་རྒྱ་གར་ནང་ས་གནས་གྲངས་ ༣༣ དང་། བལ་ཡུལ་ནང་གི་ས་གནས་གྲངས་ ༤ ནང་ཁྱོན་བོད་མི་གྲངས་ ༡༣༨༧ ཏེ་མི་གྲངས་ ༨༠༠ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་མི་གྲངས་ ༥༧༨ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་བཀག་ཁང་པའི་ནང་གནས་བཞིན་ཡོད།
རྡ་ས་ཁུལ་དུ་ད་ལྟའི་ཆར་ཕྱི་ནས་ཕེབས་མཁན་བོད་མི་རྣམས་འགོག་དབྱེ་ཟུར་འཇོག་ཁང་དུ་འཇོག་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་རྐྱེན་སྦྱར་བའི་དབུས་སྣེ་ལེན་ཁང་དུ་མི་གྲངས་ ༤༢ དང་། གཤོང་གསེབ་རྙིང་པར་མི་གྲངས་ ༢༦ ཤེས་རབ་དགའ་ཚལ་སློབ་གླིང་དུ་མི་གྲངས་ ༨ ཚོགས་སྡེ་སོ་སོ་དང་རང་ཁྱིམ་དུ་བཞུགས་མཁན་མི་གྲངས་ ༣༩ བཅས་ཁྱོན་མི་གྲངས་ ༡༡༥ འགོག་དབྱེ་ཟུར་བཀག་ཐོག་གནས་བཞིན་པ་ཡིན།
དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་ལས་རིམ།
རྡ་ས་ས་གནས་འགོ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ཚོགས་སྡེ་སོ་སོས་འགན་ཁུར་བའི་ཐོག་བདུན་ཕྲག་འདིའི་ནང་མི་གྲངས་ ༡༧༡༣ ལ་ནད་རྟགས་ཡོད་མེད་ཚོགས་སྡེ་སོ་སོ་སྟེ་བོད་མིའི་སྒྲིག་འཛུགས་གི་ལས་ཁུངས་སོ་སོ་དང་། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་དང་། བོད་ཀྱི་སྨན་རྩིས་ཁང་། གནས་ཆུང་དང་དགའ་གདོང་གྲྭ་ཚང་སོགས་ཚོགས་སྡེ་སོ་སོའི་ལས་བྱེད་ཀྱིས་འགན་བཞེས་པའི་ཐོག་ཚ་བ་ཡོད་མེད་སོགས་བརྟག་དཔྱད་གནང་ཡོད་པ་དང་།
བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༣༥ ནང་ཁྱོན་མི་གྲངས་ ༦༦༦༠ ལ་ ༼ ལོ་ན་ ༦༠ ཡན་མི་གྲངས་ ༤༩༡༥ ཉེན་ཚབས་ཆེ་བ་མི་གྲངས་ ༡༧༤༥ ༽ ཞལ་པར་བརྒྱུད་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་བོད་མི་ནད་གཞི་ཕོག་པ་རྣམས་ཀྱི་གྲངས་ཐོ་དང་ཡིག་ཆ་ཁག་བཅས་མཁོ་སྒྲུབ་གནང་བཞིན་ཡོད།
གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་བ།
རྒྱ་གར་ནང་གི་ས་གནས་ཁག་ ༢༣ ནང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་བཞུགས་བོད་མི་གྲངས་ ༡༠༤༤ དང་། ས་གནས་ཁག་ ༣༧ ནང་ལོ་ན་ ༦༥ ཡན་གྱི་བོད་མི་གྲངས་ ༧༣༥༢ ལ་ད་བར་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་བགོ་འགྲེམས་གནང་ཟིན་འདུག ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ད་ལྟའི་ཆར་སྨན་བཏང་ཐུབ་མེད།
ས་གནས་ལ་ནད་ཡམས་སྔོན་འགོག་ཆེད་ལས་དོན་སྤེལ་བ།
- འདི་ནས་ལམ་སྟོན་གནང་བ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སོ་སོའི་རྫོང་ཚོན་མདོག་དམར་རྟགས་ཅན་ནང་ཚུད་པ་རྣམས་ནས་བདུན་རེའི་ནང་གཞིས་ཆགས་ཕྱི་ནང་དང་མི་མང་འདུ་འཛོམས་ཆེ་སར་དུག་སེལ་མུ་མཐུད་གནང་བཞིན་ཡོད།
- བདུན་ཕྲག་འདིའི་ནང་རྡ་ས་ཁུལ་དུ་ཕྱི་མི་འབྱོར་བ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༤༠ ལ་རྫོང་གི་སྨན་ཁང་གྱི་མཐུན་འགྱུར་འོག་ནད་གཞི་ཡོད་མེད་བརྟག་དཔྱད་བྱས་པས་མི་གྲངས་ ༡ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཞིང་ལྷག་མ་མི་གྲངས་ ༣༩ ལ་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་ཡོད།
- སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདི་གའི་ཚན་པས་མུ་མཐུད་འགོག་དབྱེ་ཟུར་འཇོག་ཏུ་ཡོད་པ་རྣམས་དང་དམིགས་སུ་བཀར་ནས་ནད་གཞི་ཕོག་པ་རྣམས་ལ་ཁ་པར་ཐོག་འབྲེལ་བ་གནང་ནས་གནས་སྟངས་རྒྱུས་ལོན་དང་སློབ་གསོ་ལམ་སྟོན་གནང་ཡོད།
- བདུན་ཕྲག་འདིའི་ནང་ལས་དོན་ཚོགས་ཆུང་གི་སློབ་སྟོན་སྨན་པས་ཏོག་དབྱིབས་གཉན་རིམས་གདོང་ལེན་ཐད་ཕྱག་ལས་གནང་མཁན་སྨན་པ་དང་། སྨན་ཞབས། འཕྲོད་ལས་པ་རྣམས་ལ་བར་ཆད་སེལ་བའི་གདོང་ལེན་ལམ་སྟོན་ཞིག་གནང་ཡོད་པ་དང་།
བཞི་པ། ཐུགས་སྣང་ལམ་སྟོན།
སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་མི་མང་ལ་ལམ་སྟོན།
- ནད་ཡམས་འདི་ད་ཆ་བོད་པའི་སྤྱི་ཚོགས་ནང་ཁྱབ་གདལ་ཕྱིན་འགོ་ཚུགས་པས་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་ས་གནས་སུ་འགོག་དབྱེ་ཟུར་འཇོག་ཁང་བཙུགས་ཡོད་པས་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་རྣམས་ནས་ཐུགས་འགན་ཆེན་པོ་བཞེས་དགོས་པ་དང་། དེ་བཞིན་འགོག་དབྱེ་ཟུར་འཇོག་ཁང་དུ་དོ་དམ་བྱེད་མཁན་འབྲེལ་ཡོད་ལས་བྱེད་རྣམས་ནས་འགན་འཁྱེར་དགོས། ཟུར་འཇོག་ཁང་དུ་བཞུགས་པ་ལས་རང་ཁྱིམ་དུ་ལོག་པ་དང་ཕྱི་མི་གཞན་དང་འབྲེལ་བ་བྱུང་ན་ནད་འབུ་འགོས་ཁྱབ་ཀྱི་ཉེན་ཁ་ཡོད་པས་ཚང་མས་འགན་མཉམ་འཁུར་བཞེས་དགོས་པའི་རེ་སྐུལ་ཞུས་པ་དང་། གལ་ཏེ་ས་གནས་སུ་འགོག་དབྱེ་ཟུར་འཇོག་གི་ལས་དོན་དང་འབྲེལ་བའི་དཀའ་ངལ་ཡོད་ཚེ་ས་གནས་ཀྱི་འབྲེལ་ཡོད་ལས་བྱེད་བརྒྱུད་འཕྲོད་བསྟེན་ལས་ཁུངས་སུ་འབྲེལ་བ་གནང་རོགས།
- དེ་བཞིན་རྒྱུན་དུ་ནད་གཞི་ལྕི་བའི་རིགས་དང་བུད་མེད་སྦྲུམ་མ་དང་། དེ་བཞིན་བྱིས་པར་སྔོན་འགོག་ཁབ་རྒྱག་དགོས་སོགས་སྨན་ཁང་ལ་འགྲོ་དགོས་བྱུང་ཚེ་ངེས་པར་དུ་སྔོན་འགོག་ཐབས་ལམ་རྣམས་བསྟེན་དགོས་པ་དང་།
- བདུན་ཕྲག་འདི་ནས་འཕྲོད་བསྟེན་ལས་ཁུངས་ནས་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་སུ་ལ་ཡང་དེ་སྔའི་ཆ་རྐྱེན་རྣམས་མི་དགོས་པར་ཕྱི་མི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་ཚང་མར་གསོ་རིག་ལུས་སེམས་ནུས་གསོའི་སྨན་དེ་རིན་མེད་ཐོག་ཕུལ་བཞིན་ཡོད། བོད་མི་རེ་གཉིས་ནས་སྨན་ཆ་ཚང་མ་མཆོད་པར་ཆུད་ཟོས་སུ་བཏང་བ་དེ་འདྲ་གོ་ཐོས་འདུག་ན་སྨན་རྣམས་ཆུད་ཟོས་སུ་མ་བཏང་བར་ཆ་ཚང་བསྟེན་རྒྱུ་གལ་ཆེ་ཡིན་པ་དེ་དོན་དགོངས་འཇགས་ཡོང་བ་དང་། ཆབས་ཅིག་གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་མཉམ་ཕན་བསྐྱེད་འགེངས་ཤོག་ཕུལ་ཡོད་ན་འགེངས་ཤོག་ངེས་པར་བཀང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།
- ས་གནས་སུ་ཛ་དྲག་འཕྲོད་བསྟེན་ཚོགས་ཆུང་ཡོད་པ་བཞིན་ཅི་སྟེ་ས་གནས་སུ་བོད་མི་སུ་ལའང་ནད་གཞི་ཕོག་པའི་གནས་ཚུལ་བྱུང་མ་ཐག་ས་གནས་འཕྲོད་བསྟེན་ཚོགས་ཆུང་ནང་ཡོད་པའི་གསོ་རིག་སྨན་པའམ་ས་གནས་སུ་གསོ་བ་རིག་པའི་སྨན་པ་དང་འབྲེལ་བ་གནང་ནས་ནད་གཞི་ཕོག་པའི་བོད་མི་དེར་གསོ་རིག་གསོ་བཅོས་ཀྱི་སྨན་དེ་ངེས་པར་བསྐུར་ཐུབ་པ་གནང་དགོས་གལ་ཆེ། ནད་གཞི་ཕོག་པའི་བོད་མི་རྣམས་ལ་དགོས་ངེས་ཆ་རྐྱེན་ཚང་བ་རྣམས་ལ་བོད་ཀྱི་སྨན་རྩིས་ཁང་ནས་སྨན་རིན་མེད་ཕུལ་བཞིན་ཡོད་པ་དེ་དོན་ས་གནས་ཀྱི་འབྲེལ་ཡོད་ལས་མི་རྣམས་ལ་རེ་སྐུལ་ཞུ་བ་དང་།
- ནད་གཞི་ཕོག་པ་རྣམས་ལ་དམིགས་བསལ་ཞུ་རྒྱུར། ཞེ་སྣང་དང་དངངས་སྐྲག་མ་གནང་བར་ཐུགས་སེམས་ལྷོད་ལྷོད་ངང་གསོ་བཅོས་ཀྱི་སྨན་རྣམས་དུས་ཐོག་བསྟེན་གལ་ཆེ་བ་དང་། ཞལ་ལག་དུས་ཐོག་དང་གཉིད་འདེང་ངེས་ཁུག་རྒྱུ། སྔ་དགོང་སྨན་བླ་དང་སྒྲོལ་མའི་གཟུངས་སྔགས་སོགས་གསོལ་འདེབས་ཞལ་འདོན་གང་མང་གསོག་འདོན་གནང་རྒྱུ།
- ནད་གཞི་འདི་ཕོག་པའི་མི་བརྒྱ་ཆ་ ༨༠ ཙམ་ལ་ནད་རྟགས་མེད་པ་དང་ནད་རྟགས་ཅུང་མངོན་མཁན་ཡིན་པས་རང་ཉིད་ནས་མི་གཞན་སུ་ལའང་ནད་འབུ་ཡོད་མེད་ཤེས་ཚོད་དཀའ་བས་སོ་སོའི་ངོས་ནས་སྔོན་འགོག་གི་ལམ་སྟོན་ཏེ་ཁ་རས་གྱོན་དགོས་པ་དང་། ལག་པ་ཡང་སེ་འཁྲུ་བ། དེ་བཞིན་མིའི་དབར་རྒྱང་ཐག་འཇོག་དགོས་པ། གཞན་ཡང་སྔ་དྲོ་ལྟོ་སྟོང་ལ་མ་ཎི་རིལ་བུ་སོགས་བྱིན་རླབས་རིགས་བསྟེན་པ། ཉིན་དགུང་ཆུ་བསྐོལ་དྲོད་འཇམ་ཡང་ཡང་བསྟེན་པ། རིམས་སྲུང་རིལ་བུ་བཅང་བ། སོ་སོའི་གཟུགས་ཁམས་ལ་འཕྲོད་པའི་གསོ་རིག་སྨན་ཇའི་རིགས་བསྟེན་པ། སྔ་དགོང་སྤོས་སྣ་དང་བདུག་རྫས་བདུག་པ་སོགས་སྔོན་འགོག་ཐབས་ལམ་རྣམས་ལྷོད་གཡེང་དུ་མ་ཤོར་བར་བསྟེན་རྒྱུ་ཤིན་ཏུ་གལ་ཆེ།
- རྩ་བའི་ནད་གཞི་ཕོག་པའི་མིའི་གྲངས་ཀྱི་བརྒྱ་ཆ་ལྔ་བཅུ་ལྷག་དྲག་བསྐྱེད་འགྲོ་ཡི་ཡོད་པའི་གནས་སྟངས་ཡིན་ཡང་རང་ཉིད་ལུས་པོ་ཐང་པོ་ཡོད་ན་དྲག་བསྐྱེད་འགྲོ་རུང་རང་ཉིད་ནས་སྣང་མེད་དུ་ཉེར་ལེན་གྱིས་མི་གཞན་རྒས་འཁོགས་དང་བྱིས་པར་ནད་གཞི་འདི་འགོས་པ་ཡིན་ན་ཉེན་ཚབས་ཆེ་བས་རང་གཅིག་པུ་མིན་པར་གཞན་ཁྱིམ་མཚེས་དང་། དེ་ལས་མཆེད་ལས་ཡུལ་མི་དང་མི་རིགས་ལ་ཐུགས་བསམ་དང་འགན་བཞེས་ནས་ནད་ཡམས་འདིར་གདོང་ལེན་ཆེད་འགན་མཉམ་འཁུར་གནང་རོགས་ཅེས་རེ་སྐུལ་ཞུས།
- མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་བརྒྱུད་རིས་སུ་མ་ཆད་པའི་བླ་ཆེན་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་དང་སྒོ་གསུམ་གཟིགས་པ་ཆེན་པོས་བཀའ་སློབ་ལམ་སྟོན་རྒྱ་ཆེ་གནང་བ་རྣམས་ང་ཚོ་ཚང་མས་ཡིད་ལ་བཞག་ནས་མི་རིགས་ཀྱི་འཕྲོད་བསྟེན་བདེ་རྩར་འཁུར་མཉམ་ལེན་དང་དམིགས་བཀར་དུས་རབས་ཀྱི་ནད་ཀྱི་འཇིག་པ་འདི་ལ་ཚང་མས་འགན་མཉམ་བཞེས་ཀྱིས་གདོང་ལེན་གནང་སྐྱོང་ཡོང་བ་ཞུ་བ་དང་སྦྲགས། ནད་ཡམས་འདི་ལ་གདོང་ལེན་གནང་མཁན་སྨན་པ་དང་སྨན་ཞབས། འཕྲོད་ལས་དང་འབྲེལ་ཡོད་ལས་བྱེད། ལྷག་པར་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་རིགས་སྨན་པ་དང་སྨན་ཞབས་ཀྱིས་གཙོས་འབྲེལ་ཡོད་འཕྲོད་ལས་ལས་བྱེད་ཚང་མར་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །