ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །བཀའ་ཤག་སྐབས་ ༡༥ པའི་ལས་ཡུན་ཧྲིལ་པོ་ལོ་ངོ་བཞི་འཁོར་བ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་བཅར་འདྲི་ཞུས་པ་ཁག་གཤམ་གསལ།
གསར་འགོད་པས། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ ཉིན་བཀའ་ཤག་སྐབས་ ༡༥ པའི་ལས་ཡུན་ཧྲིལ་པོ་ལོ་ངོ་བཞི་ཟིན་ཡོད། འདས་པའི་ལོ་ངོ་བཞིའི་རིང་གྲུབ་འབྲས་ཅི་བྱུང་སྐོར་གསུང་རོགས།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཆབ་སྲིད་སྐོར། སྤྱིར་བཏང་འབྱུང་འགྱུར་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༨ ཉིན་སྲིད་སྐྱོང་ལས་ཡུན་ལོ་ངོ་དགུ་ཧྲིལ་པོ་ཚང་གི་ཡོད། དེ་དུས་ངས་ཞིབ་ཕྲ་ཞུ་ཆོག ད་ལོ་ལོ་འདིའི་ནང་ཨ་རིའི་གྲོས་ཚོགས་འཐུས་མི་ ༣༩༢ ནས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་གསར་པ་དེར་ཚད་མཐོའི་མང་མོས་ཐོག་ནས་རྒྱབ་སྐྱོར་གནང་ཡོད། ང་ཚོར་མཚོན་ན་གྲུབ་འབྲས་ཆེ་ཤོས་དེ་རེད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཐུབ་ཡོད། དེ་སྔ་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་བ་ཕལ་ཆེ་བ་རྒས་ཡོལ་ཞུས་པ་དང་འོས་ཤོག་ཕམ་པ་སོགས་བྱུང་ཡོད། ཡུ་རོབ་གྲོས་ཚོགས་ནང་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་ཡང་བཙུགས་ཐུབ་ཡོད།
དཔལ་འབྱོར་སྐོར། ཨ་རིས་གཙོས་རྒྱལ་ཁབ་གཞན་ཁག་གཅིག་ནས་བཙན་བྱོལ་བོད་མི་རྣམས་ལ་རོགས་དངུལ་འཕར་མ་གནང་ཡོད། ཕྱི་ལོ་ ༢༠༡༡ ནས་བཟུང་ད་བར་དངུལ་རྩིས་ལྡབ་གསུམ་འཕར་ཡོད།
ཤེས་ཡོན་སྐོར། དེ་སྔ་ཞུས་པ་ལྟར། ཤེས་ཡོན་གལ་ཆེན་པོ་རྩི་བཞིན་ཡོད། ན་ནིང་ལོར་རྒྱ་གར་ནང་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་བོད་མིའི་སློབ་མ་རྣམས་ནས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་བཏང་བ་བཞིན་ཡག་ཤོས་གྲས་ཚུད་ཡོད། དཔེར་ན་རྒྱ་གར་ནང་བྷི་ཧར་མངའ་སྡེ་དང་མངའ་སྡེ་གཞན་ནང་རྒྱུགས་འཕྲོད་བརྒྱ་ཆ་ ༧༥ ལོན་ན་ཡག་པོ་ཞེ་དྲག་རྩི་ཡི་ཡོད། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་བོད་པའི་སློབ་མའི་རྒྱུགས་འཕྲོད་བརྒྱ་ཆ་ ༩༠ རེད། དེར་བརྟེན་བོད་པའི་སློབ་མའི་ཤེས་ཡོན་ཡར་རྒྱས་འགྲོ་དང་འགྲོ་མུས་རེད། ན་ནིང་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ཀེག་དངོས་གཞི་ཁེལ་ཡོད། དགུང་ཀེག་སེལ་ཆེད་དགོན་སྡེ་ཁག་དང་བོད་མི་ཚོས་ཞབས་རིམ་བསྒྲུབས་པ་དང་སྨོན་ལམ་གསོལ་འདེབས་ཞུས་ཡོད།
གསར་འགོད་པས། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་ལས་དོན་ག་རེ་གནང་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༤ ཉིན་ནས་བཟུང་བཙན་བྱོལ་བོད་མི་རྣམས་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་ལམ་སྟོན་འགོ་འཛུགས་གནང་ཡོད། ཕྱི་ཟླ་ ༣ ཚེས་ ༡༧ དང་། ཕྱི་ཟླ་ ༣ ཚེས་ ༢༥། ཕྱི་ཟླ་ ༣ ཚེས་ ༣༡ བཅས་ལ་ཚོགས་འདུ་ཚོགས་ཏེ་རྒྱ་གར་རྒྱལ་ཡོངས་སུ་བདུན་ཕྲག་གཉིས་གསུམ་རིང་ཐེམ་སྤང་བཀའ་རྒྱ་གནང་སྲིད་པའི་སྐོར་དང་། དེ་བཞིན་འཕྲོད་བསྟེན་དང་། ཉམ་ཐག རྒན་འཁོགས། ཤེས་ཡོན། དཔལ་འབྱོར། ཆབ་སྲིད། རྩ་དོན། བཀའ་དྲིན་རྗེས་དྲན་གྱི་ལོ་སོགས་ཀྱི་ཆེད་དྲ་རྒྱ་བརྒྱུད་ལས་དོན་གནང་ཕྱོགས་སྐོར་ཚོགས་འདུ་ཚོགས་ཡོད། ཏོག་དབྱིབས་གཉན་རིམས་ལ་དམིགས་བསལ་གྱི་སྨན་མེད་སྟབས་འགོག་དབྱེ་ཟུར་འཇོག་ཁང་སོགས་ཀྱི་མཐུན་རྐྱེན་བསྐྲུན་ཡོད། སྨན་བཅོས་ཡག་ཤོས་འགོག་དབྱེ་ཟུར་འཇོག་ཁང་རེད།
གསར་འགོད་པས། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སློབ་མ་རྣམས་འཛིན་གྲྭར་འགྲོ་ཐུབ་ཀྱི་མེད་སྟབས། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འགན་ག་རེ་གནང་གི་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིགས་ལས་ཁུངས་ནས་དམའ་རིམ་ནས་འཛིན་རིམ་བཅུ་གཉིས་བར་སློབ་ཚན་ཆ་ཚང་བརྙན་འཕྲིན་བརྒྱུད་སློབ་ཁྲིད་ཀྱི་མཐུན་རྐྱེན་བསྐྲུན་ཡོད། ཉམ་ཐག་སློབ་ཕྲུག་རྣམས་ལ་ལྟ་རྟོག་དང་། མཐོ་རིམ་སློབ་མ་ཚོར་རོགས་དངུལ་ལྔ་སྟོང་རེ་གནང་ཡོད། ཤེས་རིག་བཀའ་བློན་གྱིས་འགན་ཁུར་པའི་ཐོག་དགེ་རྒན་ནང་ཁུལ་ཚོགས་འདུ་ཡང་ཡང་ཚོགས་པ་སོགས་ཤེས་རིག་ལས་ཁུངས་ནས་སློབ་མའི་སློབ་སྦྱོང་ལ་འཐུས་ཤོར་མེད་པའི་ལས་དོན་ཁག་གནང་དང་གནང་བཞིན་པ་རེད།
གསར་འགོད་པས། དེ་སྔ་ཡིན་ན་བོད་མིའི་སྒྲིག་འཛུ
དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོ
གྲོང་ཁྱེར་ཁག་ལ་ཚོང་ཙག་ཙིག་རྒྱ
འཕྲོད་བསྟེན་དང་འབྲེལ་བའི་ཛ་དྲ
གསར་འགོད་པས། ད་རེས་ཏོག་དབྱིབས་གཉན་རིམས་ཀྱི་
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ནད་ཡམས་འདིས་འཛམ་གླིང་ཡོངས་ལ་
གསར་འགོད་པས། དཔལ་ལྡན་བཀའ་ཤག་ནས་ཕྱི་ལོ་ ༢༠༢༠ འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱ
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོ་བོད་མི་རྣམས་ལ་སྤྱི་ནོར་༸
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ