ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་བཏང་གནས་ནང་འཁོད་དོན། བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༤ རེས་གཟའ་ལྷག་པའི་ཉིན། བཙན་བྱོལ་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་གཙོ་བོར་བཟུང་བའི་དོ་དབྱིངས་ཅན་རྣམས་ལ། རྒྱ་རིགས་དང་འབྲེལ་བ་བྱེད་སྐབས་མཁྱེན་རྟོགས་དགོས་པའི་གནད་དོན་དང་ཤེས་བྱ་སོགས་ལ། མགྲོན་འབོད་ཞུས་པའི་གཏམ་བཤད་པ་རྣམས་ནས་དྲ་ལམ་བརྒྱུད་སློབ་འཁྲིད་བྱེད་རྒྱུ་ཡིན་པར། རང་རིགས་གཞོན་སྐྱེས་གང་མང་མཉམ་ཞུགས་གནང་རོགས་ཞུ།
སྐབས་དེར་གཏམ་བཤད་གནང་མཁན་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་ཨོ་གླིང་རྒྱ་རིགས་འབྲེལ་མཐུད་པ་སྐལ་བཟང་རྒྱལ་མཚན་ལགས། ཐེ་ཝན་དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས། དེ་བཞིན་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་བསྟན་འཛིན་བདེ་ལྡན་ལགས་བཅས་ཡིན་འདུག་པ་བཅས། །
ཚོགས་འདུར་འཛུལ་ཞུགས་དེབ་སྐྱེལ་ཆེད་འདིར་གནོན།
དུས་ཚོད།
ཐེ་ཝན་ལ་ ༢༠༢༠།༦།༢༥ སྔ་དྲོ་ཆུ་ཚོད་ ༩།༣༠
རྒྱ་གར་ལ། ༢༠༢༠།༦།༢༥ སྔ་དྲོ་ཆུ་ཚོད་ ༧
ཨོ་གླིང་དུ། ༢༠༢༠།༦།༢༥ ཉིན་གུང་ཆུ་ཚོད་ ༡༡།༣༠
བྱང་ཨ་རི་ལ། ༢༠༢༠།༦།༢༤ དགོང་མོ་ཆུ་ཚོད་ ༩།༣༠