ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༧ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་བཅུ་པ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་དང་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཡིན།
དེ་ཡང་གསལ་བསྒྲགས་ཞུ་རྒྱུའི་ནང་དོན་གཙོ་བོ་ལྔ་ནི། འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་དང་། བྱེ་བྲག་ཏུ་རྒྱ་བལ་འབྲུག་གསུམ་གྱིས་གཙོས་བཙན་བྱོལ་བོད་མིའི་གནས་སྟངས། ཚོགས་ཆུང་གི་གྲུབ་ཐོན། ཐུགས་སྣང་རེ་སྐུལ་བཅས་ཡིན།
དང་པོ། འཛམ་གླིང་སྤྱི་ཡོངས་ནང་ད་ལྟའི་གནས་སྟངས།
ཁྱོན་ད་བར་ནད་པ་གྲངས། ༦༢༨༧༧༧༡ ༼ས་ཡ་དྲུག་དང་ཉིས་འབུམ་བརྒྱད་ཁྲི་བདུན་སྟོང་བདུན་རྒྱ་དོན་ཅིག༽
ནད་པ་འདས་གྲོངས་སོང་བའི་གྲངས། ༣༧༩༩༤༡ ༼གསུམ་འབུམ་བདུན་ཁྲི་དགུ་སྟོང་དགུ་བརྒྱ་བཞི་བཅུ་ཞེ་གཅིག༽
ཁྱོན་རྒྱལ་ཁབ་ས་ཁུལ་ཇི་ཙམ་ལ་ཁྱབ་གདལ་སོང་བ། ༢༡༦ ༼ཉི་བརྒྱ་བཅུ་དྲུག༽
གནས་ཚུལ་ཁུངས་བཅོལ། https://www.who.int/emergencies/diseases/novel-coronavirus-2019 Last update: 3 June 2020, 05:30 GMT+5:30
གཉིས་པ། བྱེ་བྲག་ཏུ་རྒྱ་བལ་འབྲུག་གསུམ་གྱིས་གཙོས་བཙན་བྱོལ་བོད་མིའི་གནས་སྟངས།
༢།༡ རྒྱ་གར་ནང་གི་གནས་སྟངས།
རྒྱ་གར་ནང་ད་ལྟ་ནད་ངོས་ཟིན་པ་གྲངས། ༡༠༦༧༣༧ ༼ཆིག་འབུམ་ཁྲི་མེད་དྲུག་སྟོང་བདུན་བརྒྱ་སུམ་ཅུ་སོ་བདུན།༽
ནད་པ་འདས་གྲོངས་སོང་བའི་གྲངས། ༦༠༧༥ ༼དྲུག་སྟོང་བརྒྱ་མེད་བདུན་ཅུ་དོན་ལྔ།༽
ནད་པ་དྲག་བསྐྱེད་བྱུང་བ་གྲངས། ༡༠༤༡༠༦ ༼ཆིག་འབུམ་ཁྲི་མེད་བཞི་སྟོང་ཆིག་བརྒྱ་བཅུ་མེད་དྲུག༽
མངའ་སྡེ་གྲངས་ཇི་ཙམ་ལ་ཁྱབ་གདལ་སོང་བའི་གྲངས། ༣༥ ༼སུམ་ཅུ་སོ་ལྔ།༽
གནས་ཚུལ་ཁུངས་བཅོལ། https://www.mohfw.gov.in/ as on : 04 June 2020, 08:00 IST (GMT+5:30)
བོད་མི་འདུ་སྡོད་ཆེ་སའི་མངལ་ཁུལ་གྱི་གནས་སྟངས་ཞུ་ན།
ཧི་མཱ་ཅལ། ༢༠༤ (Himachal – Cases-359, Death-5, Recoverd-146) (Himachal – Central Helpline number- 104, MoH&FW-1075, State Control room-1070, District Control Room-1077)
ལྡི་ལི། ༡༣༤༩༧ ལྷོ་ཕྱོགས་ཀར་ཎ་ཊ་ཀ། ༢༤༩༦ ཨོ་ཌི་ཤ། ༩༦༥ ལ་དྭགས། ༤༡ བཅས་རྒྱ་གར་ནང་ཚབས་ཆེ་ཤོས་མཱ་ཧཱ་རས་ཏྲ། – ༣༩༩༤༤ ཏ་མིལ་ནཱ་ཌུ། – ༡༡༣༤༨ གུ་ཇི་ར་ཏི།-༤༧༦༦ ད་ལྟ་ནད་གཞི་རྩད་གཅོད་བྱུང་ཞིང་ནད་མནར་བཞིིན་པའི་གྲངས།
གནས་ཚུལ་ཁུངས་བཅོལ། https://www.mygov.in/corona-data/covid19-statewise-status
ནད་གཞི་ཡོད་མེད་བརྟག་དཔྱད་མི་གྲངས། SARS-CoV-2 (COVID-19) Testing Status (28/05/2020 9:00 AM IST)
རྒྱ་གར་ནང་ཁྱོན་མི་གྲངས་ ༤༢༤༢༧༡༨ ༼ས་ཡ་བཞི་དང་ཉི་འབུམ་བཞི་ཁྲི་ཉིས་སྟོང་བདུན་བརྒྱ་བཅོ་བརྒྱད།༽ ལ་ད་བར་ནད་གཞི་ཡོད་མེད་བརྟག་དཔྱད་ཟིན། འདས་པའི་ཆུ་ཚོད་ ༢༤ ནང་མི་གྲངས་ ༡༣༩༤༨༥ ༼ཆིག་འབུམ་སུམ་ཁྲི་དགུ་སྟོང་བཞི་བརྒྱ་བརྒྱད་ཅུ་གྱ་ལྔ་།༽ བརྟག་དཔྱད་བྱས་པ། https://www.icmr.gov.in/ རྒྱ་གར་ནང་ཁྱོན་གཞུང་དང་སྒེར་གྱི་བརྟག་དཔྱད་ཁང་བསྡོམས་གྲངས་ ༧༡༠ ཡོད་འདུག https://www.icmr.gov.in/pdf/covid/labs/COVID_Testing_Labs_27052020.pdf
༢།༢ བལ་ཡུལ་ནང་གི་གནས་སྟངས།
ཁྱོན་ནད་མནར་ནད་པ། ༢༣༠༠ དྲག་བསྐྱེད་བྱུང་བ། ༢༧༨ འདས་གྲོངས་སོང་བ། ༩ ཁྱོན་ནད་པ་བརྟག་དཔྱད་བྱས་པ་གྲངས། ༨༠༢༦༧ བཅས་ཀྱི་གནས་སྟངས། གནས་ཚུལ་ཁུངས་བཅོལ། https://covidnepal.org/ As on 4th June 2020, 10. 30 am
༢།༣ འབྲུག་ནང་གི་གནས་སྟངས།
ཁྱོན་ནད་མནར་ནད་པ། ༤༧ དྲག་བསྐྱེད་བྱུང་བ། ༩ འདས་གྲོངས་སོང་བ། ༠ བཅས་ཀྱི་གནས་སྟངས།
གནས་ཚུལ་ཁུངས་བཅོལ། https://www.gov.bt/covid19/ As on 4th June 2020, 10. 30 am
༢།༤ བཙན་བྱོལ་བོད་མིའི་ནང་གནས་སྟངས།
བདུན་ཕྲག་འདིའི་ནང་ལྡི་ལི་ནས་སྐྱེས་པ་རང་ལོ་ ༦༢ སོན་པ་ཞིག་དང་། ཌལ་ཧོར་ནས་བུད་མེད་རང་ལོ་ ༦༣ ཊུ་ཊིང་ནས་སློབ་ཕྲུག་རང་ལོ་ ༡༢ བྱེད་པ་གསུམ་ལ་ནད་གཞི་འདི་ཕོག་པ་རྩད་གཅོད་བྱུང་འདུག དེའི་ནང་ནས་ལྡི་ལི་ནས་ཡིན་པ་སྐྱེས་པ་རང་ལོ་ ༦༢ སོན་པ་དེ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་དང་། གཞན་གཉིས་ནད་གཞི་ཕོག་པ་རྩད་གཅོད་བྱུང་བ་ལས་ཚ་བ་འཕར་བ་ལ་སོགས་པའི་ནད་རྟགས་གང་ཡང་མངོན་གསལ་མེད་པ་གཟུགས་གཞི་བདེ་ཐང་ངང་ཡིན་པ་ས་གནས་ནས་གནས་ཚུལ་འབྱོར་ཡོད།
ཕྱི་རྒྱལ་གནས་བཞུགས་བོད་མིའི་གནས་སྟངས།
ད་ཆ་ཨ་རི་དང་ཡུ་རོབ་ཁུལ་དུ་ནད་ཡམས་འདིའི་གནས་སྟངས་ཇེ་ལེགས་ཏུ་འགྲོ་བཞིན་ཡོད་པས་བདུན་ཕྲག་འདིའི་ནང་ཕྱི་རྒྱལ་གནས་བཞུགས་བོད་མིའི་ནང་ནས་ནད་ཕོག་པ་གསར་པ་རྩད་གཅོད་བྱུང་བ་མིན་འདུག་པས་བདུན་ཕྲག་སྔ་མའི་ཐོ་གཞུང་ལྟར་ཁྱོན་ནད་མནར་ནད་པ་གྲངས་ ༢༡༣ དེའི་ནང་ནས་འདས་གྲོངས་སུ་ཕྱིན་པ་བོད་མི་ ༨ དྲག་བསྐྱེད་བྱུང་བ་ ༡༦༥ ད་ལྟ་མནར་བཞིན་པ་ ༤༠ །
གསུམ་པ། ལས་དོན་ཚོགས་ཆུང་གི་གྲུབ་ཐོན།
ཁང་ཁྱིམ་ཟུར་བཀག་གི་གནས་སྟངས།
ད་ལྟའི་ཆར་རྒྱ་བལ་ནང་ས་གནས་གྲངས་ ༢༩ བལ་ཡུལ་ས་གནས་གྲངས་ ༢ ནང་ཁྱོན་མི་གྲངས་ ༡༡༣༤ ཏེ་མི་གྲངས་ ༣༦༣ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་། མི་གྲངས་ ༣༠༩ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་བཀག་ཁང་པའི་ནང་གནས་བཞིན་ཡོད།
དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་ལས་རིམ།
བདུན་ཕྲག་འདིའི་ནང་གངས་སྐྱིད་ཁུལ་གྱི་ལས་བྱེད་དང་ཉེ་འགྲམ་བོད་མི་དང་། བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད། རྡ་ས་མེག་ལོར་ཁུལ་བཅས་ཁྱོན་བདུན་ཕྲག་འདིའི་ནང་མི་གྲངས་ ༡༧༥༡ ཚ་བ་འཕར་གྱི་ཡོད་མེད་སོགས་བརྟག་ཞིབ་བྱས་པས་ནད་རྟགས་མངོན་ཚུལ་བྱུང་བ་དམིགས་བསལ་ཐོན་མི་འདུག
དེ་བཞིན་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་གྲངས་ ༣༢ དང་། བལ་ཡུལ་ནང་གི་ས་གནས་གྲངས་ ༥ ནང་ད་བར་ཁྱོན་མི་གྲངས་ ༣༦༣༣༥ ༼སུམ་སྟོང་དྲུག་བརྒྱ་སུམ་ཅུ་སོ་ལྔ།༽ ལ་ཚ་བ་ཡོད་མེད་སོགས་ནད་རྟགས་བརྟག་ཞིབ་བྱས་ཟིན།
གསོ་རིག་ལུས་སེམས་ནུས་གསོའི་སྨན་འགྲེམས་སྤེལ་ཞུས་སྐོར།
རྒྱ་གར་ནང་གི་ས་གནས་ཁག་ ༢༡ ནང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་བཞུགས་བོད་མི་གྲངས་ ༦༠༡ ལ་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་བགོ་འགྲེམས་གནང་ཟིན་འདུག་པ་དང་། ལོ་ན་ ༦༥ ཡན་བོད་མི་གྲངས་ ༢༨༣ ལ་གསོ་རིག་སྨན་གྱིས་ཕན་བསྐྱེད་འགེངས་ཤོག་གྲངས་ ༢༢༦ འབྱོར་ཟིན་འདུག
ས་གནས་ལ་ནད་ཡམས་སྔོན་འགོག་ཆེད་ལས་དོན་སྤེལ་བ།
- ས་གནས་ཁག་ལ་ཕྱི་མི་ཕེབས་མཁན་རྣམས་ཟུར་འཇོག་ཆེད་ཁང་པའི་མཐུན་སྦྱོར་ཞུས་པར་ད་བར་བོད་མིའི་གཞིས་ཆགས་ནང་ཁྱོན་ཚོགས་པའི་འགོག་དབྱེ་ཟུར་འཇོག་ཁང་ ༨༣ ནང་ཁང་པ་ ༥༡༩ ནང་ཉལ་ཁྲི་བསྡོམས་ ༡༥༩༨ གོ་སྒྲིག་གིས་ཟུར་འགོག་བྱེད་བཞིན་འདུག
- རྡ་ས་ཁུལ་དུ་ཕྱི་མི་འབྱོར་མཁན་གྲངས་ ༥༡ ལ་ནད་གཞི་ཡོད་མེད་བརྟག་དཔྱད་བྱས་རྗེས་སུ་ལའང་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་ཡོད།
- སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདི་གའི་ཚན་པས་འགོག་དབྱེ་ཟུར་འཇོག་ཏུ་གནས་བཞུགས་མི་གྲངས་ ༥༠༠ ཙམ་ལ་སེམས་ཁམས་དཀའ་ངལ་དང་འབྲེལ་བའི་འབྲེལ་འདྲིས་གནང་ཐུབ་པ་བྱུང་ཡོད་པ་དང་།
བཞི་པ། གནས་ཡུལ་གཞུང་གི་གལ་ཆེའི་བཀོད་ཁྱབ་ལམ་སྟོན་ཁག
སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ནས་དམིགས་བསལ་ཆེད་ལས་ལམ་སྟོན་གནང་།
https://www.mha.gov.in/sites/default/files/MHADOLrDt_3052020.pdf
https://www.mha.gov.in/sites/default/files/MHAOrderDt_30052020.pdf
https://hpkangra.nic.in/document-category/covid-19-notifications/
ལྔ་པ། ཐུགས་སྣང་།
- ད་ཆ་རྒྱ་གར་ནང་དང་ལྷག་པར་བོད་མིའི་འདུ་སྡོད་ནང་ནད་གཞི་ཕོགས་པ་རྩད་གཅོད་བྱུང་བའི་གནས་ཚུལ་ཐོན་བཞིན་ཡོད་པས་བོད་མི་ཚང་མས་གཟབ་གཟབ་གནང་དགོས། སོ་སོའི་ནང་མིའི་ནང་རྒས་འཁོགས་དང་ཕྲུག་གུ་ཆུང་ཆུང་ཡོད་པ་རྣམས་ལ་དམིགས་བསལ་ཐུགས་གནང་གཟབ་གཟབ་དང་། སྨན་བཅོས་སོགས་གལ་ཆེའི་ལས་དོན་རྐྱེན་མ་གཏོགས་རྒས་འཁོགས་ལོ་ན་ ༦༠ ཡན་དང་ཕྲུག་གུ་ལོ་ ༡༠ མན་རྣམས་ཕྱིར་ཁྲོམ་གཞུང་དང་སྤྲོ་འཆམ་སོགས་ལ་ཕེབས་མི་དགོས་གཙོ་འདོན་གནང་རོགས་ཅེས་དྲན་སྐུལ་ཞུ་བ་དང་།
- ནད་གཞི་འདི་ལ་ད་ཆ་སྨན་བཅོས་གང་ཡང་མེད་དུས་རང་རང་སོ་སོའི་ངོས་ནས་སྔོན་འགོག་དང་། ལྷག་པར་ལུས་སེམས་ནུས་གསོའི་ཆེད་ཞལ་ལག་ཡག་པོ་མཆོད་རྒྱུ། གཉིད་དུས་ཐོག་འཁུག་རྒྱུ། དེ་བཞིན་རླུང་སྦྱོང་དང་ལུས་སྦྱོང་། སེམས་བག་ཕེབས་གུ་ཡེངས་བྱ་རྒྱུ་ཤིན་ཏུ་གལ་ཆེ།
- ཁྲག་ཤེད་དང་གཅིན་སྙི། མཁལ་ནད་དང་དེ་བཞིན་འབྲས་ནད་སོགས་ནད་གཞི་ལྕི་བའི་རིགས་ཡོད་པ་རྣམས་ནས་ད་ལྟའི་དུས་ཚོད་འདིར་དམིགས་བསལ་གཟབ་གཟབ་གནང་དགོས་གལ་ཆེ།
- ནད་གཞི་འདི་ལ་ནད་རྟགས་དམིགས་བསལ་མངོན་གསལ་མེད་དུས་མི་སུ་ལ་ནད་འབུ་ཡོད་མེད་ཤེས་རྟོགས་མ་ཐུབ་པས་སོ་སོའི་ངོས་ནས་ཁ་རས་གྱོན་རྒྱུ། ལག་པ་ཡང་སེ་འཁྲུ་རྒྱུ་སོགས་སྔོན་འགོག་བྱེད་སྒོ་རྣམས་འཐུས་ཤོར་མ་འགྲོ་བ་གནང་དགོས་གལ་ཆེ་བ་ཞུ་བ་དང་སྦྲགས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་བཅུ་པ་མཇུག་སྒྲིལ། །