ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་༢༠༢༠ ཟླ་ ༥ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID-19 ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་།ལས་དོན་ཚོགས་ཆུང་གི་ཚོགས་མི་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཐེངས་དགུ་པ་སྤེལ་བའི་ནང་འཁོད་དོན།
དང་པོ། འཛམ་གླིང་སྤྱི་ཡོངས་ཀྱི་ད་ལྟའི་གནས་སྟངས།
ཁྱོན་ད་བར་ནད་པ་གྲངས། ༥༤༩༡༦༧༨ ༼ ས་ཡ་ལྔ་དང་བཞི་འབུམ་དགུ་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་དོན་བརྒྱད། ༽
ནད་པ་འདས་གྲོངས་སོང་བའི་གྲངས། ༣༤༩༡༩༠ ༼ གསུམ་འབུམ་བཞི་ཁྲི་དགུ་སྟོང་བརྒྱ་དང་དགུ་བཅུ། ༽
ཁྱོན་རྒྱལ་ཁབ་ས་ཁུལ་ཇི་ཙམ་ལ་ཁྱབ་གདལ་སོང་བ། ༢༡༧ ༼ཉི་བརྒྱ་བཅུ་བདུན།༽
གནས་ཚུལ་ཁུངས་བཅོལ་ས། https://www.who.int/emergencies/diseases/novel-coronavirus-2019 Last update: 27 May 2020, 05:30 GMT+5:30
གཉིས་པ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་གནས་བཞུགས་བོད་མིའི་གནས་སྟངས།
༢།༡ རྒྱ་གར་ནང་གི་གནས་སྟངས།
སྤྱིར་རྒྱ་གར་ནང་ཁྱོན་ཏོག་དབྱིབས་གཉན་རིམས་ནད་མནར་གྲངས། ༨༦༡༡༠ ༼ བརྒྱད་ཁྲི་དྲུག་སྟོང་བརྒྱ་དང་བཅུ་ ༽ ༼ བདུན་ཕྲག་སྔོན་མའི་ནང་ནད་པ་གྲངས་ ༦༣༦༢༤ ༽
ནད་པ་འདས་གྲོངས་སོང་བ་གྲངས། ༤༥༣༡༼ བཞི་སྟོང་ལྔ་བརྒྱ་སུམ་ཅུ་སོ་གཅིག ༼ བདུན་སྔ་མ།༣༤༣༥ ༽ ནད་པ་དྲག་བསྐྱེད་བྱུང་བ་གྲངས། ༦༧༦༩༡ ༼ དྲུག་ཁྲི་བདུན་སྟོང་དྲུག་བརྒྱ་དགུ་བཅུ་གོ་གཅིག ༽
མངའ་སྡེ་གྲངས་ཇི་ཙམ་ལ་ཁྱབ་གདལ་སོང་བའི་གྲངས། ༣༥ ༼ སུམ་ཅུ་སོ་ལྔ་ ༽
གནས་ཚུལ་ཁུངས་བཅོལ་ས། https://www.mohfw.gov.in/ as on: 28 May 2020, 08:00 IST (GMT+5:30)
བོད་མི་འདུ་སྡོད་ཆེ་སའི་མངལ་ཁུལ་གྱི་གནས་སྟངས།
ཧི་མཱ་ཅལ། ༢༧༣ ( Himachal – Cases-273, Death-5, Recoverd-66) (Himachal – Central Helpline number- 104, MoH&FW-1075, State Control room-1070, District Control Room-1077)
ལྡི་ལི། ༡༥༢༥༧-(༡༡༠༨༨) ལྷོ་ཕྱོགས་ཀར་ཎ་ཊ་ཀ ༢༤༡༨-(༡༤༦༢) ཨོ་ཌི་ཤ། ༡༥༩༣-(༩༧༨) ལ་དྭགས། ༥༣ (༤༣) བཅས་རྒྱ་གར་ནང་ཚབས་ཆེ་ཤོས་ མཱ་ཧཱ་རས་ཏྲ་ – ༥༦༩༤༨ (37136), ཏ་མིལ་ནཱ་ཌུ། – ༡༨༥༤༥ གུ་ཇི་ར་ཏི།-༡༥༡༩༥ ཆགས་ཀྱི་འདུག
གནས་ཚུལ་ཁུངས་བཅོལ་ས། https://www.mygov.in/corona-data/covid19-statewise-status
ནད་གཞི་ཡོད་མེད་བརྟག་དཔྱད་བྱས་གྲངས་ཐོ། SARS-CoV-2 (COVID-19) Testing Status (28/05/2020 9:00 AM IST)
རྒྱ་གར་ནང་ཁྱོན་མི་གྲངས་ ༣༣༦༢༡༣༦༼ ས་ཡ་གསུམ་དང་སུམ་འབུམ་དྲུག་ཁྲི་ཉི་སྟོང་བརྒྱ་དང་སོ་དྲུག ༽ ལ་ད་བར་ནད་གཞི་ཡོད་མེད་བརྟག་དཔྱད་ཟིན། འདས་པའི་ཆུ་ཚོད་ ༢༤ ནང་མི་གྲངས་ ༡༡༩༩༧༦ ༼ ཆིག་འབུམ་ཆིག་ཁྲི་དགུ་སྟོང་དགུ་བརྒྱ་དོན་དྲུག ༽ བརྟག་དཔྱད་བྱས་ཡོད། https://www.icmr.gov.in/ རྒྱ་གར་ནང་ཁྱོན་གཞུང་དང་སྒེར་གྱི་བརྟག་དཔྱད་ཁང་བསྡོམས་གྲངས་ ༦༣༢ ཡོད་འདུག https://www.icmr.gov.in/pdf/covid/labs/COVID_Testing_Labs_27052020.pdf
༢།༢ བལ་ཡུལ་ནང་གི་གནས་སྟངས།
སྤྱིར་བལ་ཡུལ་ཁྱོན་དུ་ནད་མནར་གྲངས་ ༨༨༦ དང་། དྲག་བསྐྱེད་བྱུང་བ་གྲངས་ ༡༨༣ དང་། འདས་གྲོངས་སོང་བ་གྲངས་ ༤ ཁྱོན་ནད་པ་བརྟག་དཔྱད་བྱས་པ་གྲངས་ ༥༨༢༧༧ བཅས་ཡིན། གནས་ཚུལ་ཁུངས་བཅོལ་ས། https://covidnepal.org/
༢།༣ འབྲུག་ནང་གི་གནས་སྟངས།
སྤྱིར་འབྲུག་ཡུལ་ཁྱོན་དུ་ནད་མནར་གྲངས་ ༢༨ དང་། དྲག་བསྐྱེད་བྱུང་བ་གྲངས་ ༦ དང་། འདས་གྲོངས་སོང་བ་མེད།
གནས་ཚུལ་ཁུངས་བཅོལ། https://www.gov.bt/covid19/
༢།༤ ཕྱི་རྒྱལ་གནས་བཞུགས་བོད་མིའི་གནས་སྟངས།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་འབྱོར་གསལ་ཟླ་འདིའི་ཚེས་ ༢༥ ནང་དེ་གའི་མངའ་ཁུལ་དུ་སྐྱེས་པ་རང་ལོ་ ༦༢ ཅན་ཞིག་འདས་གྲོངས་སོང་བ་དང་། ཡུ་རོབ་རྒྱལ་ས་སྦེལ་ལྗམ་ནང་སྐྱེས་པ་གཅིག་དང་བུད་མེད་ཅིག་ལ་ནད་གཞི་ཕོག་པ་ས་གནས་ནས་གནས་ཚུལ་འབྱོར་ཡོད།
གསུམ་པ། ལས་དོན་ཚོགས་ཆུང་གི་གྲུབ་འབྲས།
ཁང་ཁྱིམ་ཟུར་བཀག་གི་གནས་སྟངས།
ད་ལྟའི་ཆར་རྒྱ་གར་ནང་ས་གནས་གྲངས་ ༣༡ དང་། བལ་ཡུལ་ས་གནས་གྲངས་ ༢ ནང་ཁྱོན་མི་གྲངས་ ༦༧༢ ཏེ་མི་གྲངས་ ༣༦༣ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་མི་གྲངས་ ༣༠༩ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་བཀག་ཁང་པའི་ནང་གནས་བཞིན་ཡོད།
དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་རྟོག་ཞིབ་ལས་རིམ།
བདུན་ཕྲག་འདིའི་ནང་གངས་སྐྱིད་ཁུལ་གྱི་ལས་བྱེད་དང་ཉེ་འགྲམ་བོད་མི་དང་། བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད། རྡ་ས་མེག་ལོར་ཁུལ་བཅས་ཁྱོན་བདུན་ཕྲག་འདིའི་ནང་མི་གྲངས་ ༡༩༧༣ ཚ་བ་འཕར་གྱི་ཡོད་མེད་སོགས་བརྟག་དཔྱད་བྱས་འབྲས་སུ་ནད་རྟགས་མངོན་པ་གཅིག་ཀྱང་བྱུང་མེད།
དེ་བཞིན་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་གྲངས་ ༣༢ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༦ ནང་ཁྱོན་མི་ད་བར་མི་གྲངས་ ༤༠༢༠༠ ༼ བཞི་ཁྲི་སྟོང་མེད་ཉི་བརྒྱ་ ༽ ལ་ཚ་བ་ཡོད་མེད་སོགས་ནད་རྟགས་བརྟག་དཔྱད་བྱས་ཟིན་པའི་གནས་ཚུལ་ཞུ།
གསོ་རིག་ལུས་སེམས་ནུས་གསོའི་སྨན་འགྲེམས་སྤེལ་ཞུས་སྐོར།
རྒྱ་གར་ནང་གི་ས་གནས་ཁག་ ༢༦ ནང་གི་བོད་མི་གྲངས་ ༤༤༥ ལ་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་བགོ་འགྲེམས་གནང་ཟིན་འདུག་ཅིང་གསོ་རིག་སྨན་གྱིས་ཕན་བསྐྱེད་འགེངས་ཤོག་གྲངས་ ༢༢༦ འབྱོར་ཟིན་འདུག
ས་གནས་ལ་ནད་ཡམས་སྔོན་འགོག་ཆེད་ལས་དོན་སྤེལ་བ།
- ས་གནས་ཁག་ལ་ཕྱི་མི་ཕེབས་མཁན་རྣམས་ཟུར་འཇོག་ཆེད་ཁང་པའི་མཐུན་འགྱུར་ཞུས་པར་ད་བར་བོད་མིའི་གཞིས་ཆགས་ནང་ཁྱོན་ཚོགས་པའི་འགོག་དབྱེ་ཟུར་འཇོག་ཁང་ ༨༣ ནང་ཁང་པ་ ༥༡༩ ནང་ཉལ་ཁྲི་བསྡོམས་ ༡༥༥༦ གོ་སྒྲིག་གིས་འགོག་དབྱེ་ཟུར་འཇོག་བྱེད་བཞིན་འདུག
- རྒྱ་གར་ནང་འགྲུལ་བཞུད་སྒོ་འཛུགས་པར་བརྟེན་ཕྱི་ནས་ཕེབས་མཁན་བོད་མི་རྣམས་འགོག་དབྱེ་ཟུར་འཇོག་དུ་བཏང་རྗེས་ཉིན་རེར་ཚ་བའི་ནད་རྟགས་ཡོད་མེད་བརྟག་དཔྱད་ཡོ་བྱད་དང་དེ་བཞིན་འགོག་དབྱེ་ཟུར་བཞུགས་སྐབས་བྱེད་སྒོ་ལམ་སྟོན་སོགས་དབུས་སའི་འབྲེལ་ཡོད་ལས་བྱེད་ནས་གནང་བཞིན་ཡོད་འདུག
- བདུན་འདིའི་ནང་རྒྱ་གར་དབུས་གཞུང་གི་དྲ་རྒྱའི་ལམ་སྟོན་ནང་གསལ་མི་མང་འགྲུལ་བཞུད་ཆེ་སའི་ས་ཆ་https://www.youtube.com/watch?v=Ku-8B_sGKRA&feature=youtu.be གང་བྱུང་ལ་ཁ་ལུད་དང་སྣབས་ལུད་གཡུག་ཚེ་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་དང་དེར་ཁྲིམས་ཀྱིས་ཉེས་ཆད་ཕོག་རྒྱུ་ཡིན་པའི་ལམ་སྟོན་གྱི་བརྙན་ཐུང་ཞིག་ཆེད་མངགས་བོད་སྐད་ཐོག་སྒྲ་སྒྱུར་ཞུས་ནས་འདོན་སྤེལ་ཟིན། https://www.youtube.com/watch?v=jUemXTW4Sys&feature=youtu.be&fbclid=IwAR3149mG0oGWv23yJ1c_tCy3EHv1FShJLtvBveLtY2adsIb1wjlTZ1BeXOk
- སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདི་གའི་ཚན་པས་འགོག་དབྱེ་ཟུར་འཇོག་ཏུ་གནས་བཞུགས་མི་གྲངས་ཉི་བརྒྱ་ལྷག་ཙམ་ལ་སེམས་ཁམས་དང་འབྲེལ་བའི་དཀའ་ངལ་ཡོད་མེད་འདྲི་རྩད་ཞུས་པ་དང་། དེ་བཞིན་སྨན་ཞབས་ཡོད་སའི་བོད་མི་འདུ་སྡོད་ས་གནས་གྲངས་ ༢༣ ནང་ལོ་ན་བགྲེས་པ་དང་། བུད་མེད་སྦྲུམ་མ། སེམས་ཁམས་མི་བདེ་བ་དང་། ཉམས་ཐག ནད་གཞི་ལྕི་རིགས་ཡོད་པའི་ཉེན་ཚབས་ཆེ་བའི་མི་གྲངས་ ༥༢༡ ལ་སྨན་ཞབས་པས་སྒོ་ཁར་བཅར་ནས་དཔལ་འབྱོར་དང་དེ་བཞིན་སྨན་མངགས་ཉོ། དགོས་མཁོར་བསྟུན་ནས་རོགས་ཕན་དང་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་ཡོད།
བཞི་པ། ཆེད་ལས་པའི་ལམ་སྟོན།
སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་དམིགས་བསལ་ཆེད་ལས་ལམ་སྟོན་གནང་རྒྱུ།
- མཆིལ་སྣབས་གང་བྱུང་མ་གཡུག དེས་ནད་ཁྱབ་གདལ་འགྲོ་ཉེན་དང་ཁྲིམས་ཀྱིས་ཉེས་ཆད་ཕོག་རྒྱུ་ཡིན་པ།
ལྔ་པ། ཐུགས་སྣང་།
- བོད་མི་གང་ཞིག་ས་གནས་སུ་ཕྱིར་ལོག་གནང་གི་ཡོད་ཚེ་ངེས་པར་དུ་ས་གནས་གང་དུ་ཕེབས་ཀྱི་ཡོད་པའི་ས་གནས་འགོ་འཛིན་ལ་སྔོན་ཚུད་ནས་འབྲེལ་བ་གནང་རོགས། དམིགས་སུ་བཀར་ནས་གནམ་ཐོག་ནས་ཕེབས་མཁན་རྣམས་ལ་ཁྲིམས་མཐུན་ཆོག་མཆན་ E-Pass ཞུ་དགོས་མེད་སྟབས་ས་གནས་འགོ་འཛིན་ལ་ཤེས་རྟོགས་ཡོང་གི་མེད། དེར་རྟེན་ཕྱི་ནས་བོད་མི་ཕེབས་མཁན་རྣམས་ནས་ངེས་པར་ས་གནས་འགོ་འཛིན་ལ་འབྲེལ་བ་ཞུས་ནས་སྒྲིག་མཐུན་འགོག་དབྱེ་ཟུར་བཞུགས་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།
- ཡང་རྒྱ་གར་ནང་བོད་མིའི་གཞིས་ཆགས་ཁ་ཤས་ལ་སོ་སོའི་གནས་ཡུལ་གྱི་རྫོང་དེ་ཏོག་དབྱིབས་གཉན་རིམས་མེད་པའི་ཚོན་མདོག་ལྗང་ཁུའི་ཁྱབ་ཁོངས་ཡིན་ཡང་། ཉིན་ལྟར་ཟས་རིགས་ཅ་དངོས་སོགས་མཁོ་ཆས་ཉོ་སའི་ཁྲོམ་དེ་ས་འབྲེལ་རྫོང་དང་མངའ་སྡེ་ཉེན་ཚབས་ཅན་ཚོན་མདོག་དམར་པོའི་ནང་འགྲོ་དགོས་པ་དེ་འདྲ་ཆགས་སྐབས། བོད་མི་རྣམས་ནས་སོ་སོའི་རྫོང་དེ་ཚོན་མདོག་གང་ཡིན་ལ་མ་ལྟོས་པར་རྒྱུན་དུ་ཁ་རས་དང་ལག་པ་འཁྲུ་རྒྱུས་མཚོན་སྔོན་འགོག་ཐབས་ལམ་རྣམས་ངེས་པར་བསྟེན་ནས་རང་དོན་རང་གཅེས་ངེས་པར་གནང་གལ་ཆེ།
- ད་ལྟའི་ཆར་རྒྱ་གར་ནང་གནམ་གྲུ་དང་རླངས་འཁོར་འགྲོ་བསྐྱོད་འགོ་འཛུགས་ནས་ད་ཆ་མི་མང་པོ་རང་ཁྱིམ་དུ་ཕྱིར་ལོག་བྱེད་བཞིན་པའི་གནས་སྟངས་ལ་འགྲུལ་མི་རྣམས་ནས་ཁྲིམས་མཐུན་འགྲུལ་བསྐྱོད་ཆོག་པའི་ཆོག་མཆན་༼ https://www.mygov.in/corona-data/covid19-statewise-status ༽ཞུ་དགོས་པ་དང་དེ་བཞིན་གནམ་གྲུ་དང་མེ་འཁོར། རླངས་འཁོར་ནང་འགྲུལ་བཞུད་བྱེད་པའི་སྐབས་བྱེད་སྒོ་ལམ་སྟོན་སྤེལ་འདུག་པ་དེར་ https://www.mohfw.gov.in/pdf/Guidelinesfordomestictravel(airortrainorinter-statebustravel).pdf གཟིགས་ཞིབ་གནང་གལ་ཆེ་བ་དེ་དོན་ཐུགས་སྣང་ཡོང་བ་ཞུ། དེ་བཞིན་ཕྱི་རྒྱལ་ནས་རྒྱ་གར་ནང་ཕྱིར་ལོག་བྱེད་མཁན་རྣམས་ལ་ལམ་སྟོན་ཟུར་གསལ་འདུག་པས་གལ་ཏེ་བོད་མི་གང་ཞིག་རྒྱ་གར་ནང་འགྲུལ་བཞུད་བྱེད་དགོས་ཚེ་ལམ་སྟོན་ལ་ཐུགས་སྣང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ།
https://www.mohfw.gov.in/pdf/Guidelinesforinternationalarrivals.pdf
གོང་གསལ་གྱི་གསར་འགོད་གསལ་བསྒྲགས་དང་ལམ་སྟོན་ཡིག་ཁག་བཅས་གཤམ་གསལ་གྱི་དྲ་རྒྱའི་ཐོག་གཟིགས་རྒྱུ་ཡོད། https://tibetanhealth.org/covid-19-documents-in-tibetan/
མཐའ་དོན། ད་ལྟའི་ཆར་རྒྱ་གར་ནང་ནད་པའི་གྲངས་ཉིན་རེ་བཞིན་ཇེ་འཕར་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཏེ་བོད་མི་ཚང་མས་ངེས་པར་དུ་ཡིད་གཟབ་དགོས་པ་དང་། སྔོན་འགོག་གི་ལས་དོན་རྣམས་ངེས་པར་འཚེམས་ལུས་མེད་པར་ལག་བསྟར་གནང་དགོས་པའི་རེ་སྐུལ་དང་སྦྲགས། གསར་འགོད་གསལ་བསྒྲགས་ཐེངས་དགུ་པ་འདིར་མཇུག་སྒྲིལ་རྒྱུ་ཡིན། །