ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ས་གནས་སིར་མོར་རྫོང་ཁོངས་བོད་མིའི་གཞིས་ཆགས་བཞི་ནས་ཧིན་སྒོར་འབུམ་གཅིག་རྒྱ་གར་དབུས་སྲིད་བློན་མཆོག་གི་ངལ་སེལ་ཐེབས་རྩའི་མཚན་ཐོག་ཕུལ་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ ཉིན་ཀ་པོ་ཊ་ས་གནས་ཀྱི་རྒྱ་གར་གཞུང་སྨན་ཁང་གི་ཨེམ་ཆི་དང་སྨན་ཞབས་པ་བཅས་འདི་གའི་ཁྱིམ་བཀག་འགོག་དབྱེ་ཟུར་འཇོག་ནང་ཡོད་མི་གྲངས་གསུམ་ལ་རྟོག་ཞིབ་ཆེད་ཕེབས་གནང་ཡོད། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བཀའ་ཕེབས་དགོངས་དོན། ཏོག་དབྱིབས་གཉན་རིམས་ ༡༩ ཞི་ཐབས་སུ་བོད་ཚེས་ ༡༠ དང་རེས་གཟའ་ལྷག་པ་ནམ་ཡིན་ལ་གཞིས་མི་སོ་སོའི་རང་ཁྱིམ་དུ་བསངས་གསོལ་དང་འཕྲིན་བསྐུལ་གཟབ་རྒྱས་ཞུ་དང་ཞུས་མུས་ཡིན། དབུས་འཕྲོད་བསྟེན་ལས་ཁུངས་ནས་སྒོར་ ༡༧,༦༨༥ བཀའ་འཁྲོལ་བསྩལ་སྨིན་ལྟར་ཉལ་ཁྲི་ལྔ་ཅན་སྡོད་ཁང་ཞིག་ཚོགས་བཀག་འགོག་དབྱེ་ཟུར་འཇོག་དུ་གོ་སྒྲིག་ཞུས་ཐུབ་པ་བྱུང་ཡོད། དེ་བཞིན་ས་གནས་སུ་ཁྱིམ་བཀག་འགོག་དབྱེ་ཟུར་འཇོག་ཡང་ཡོད།
ད་ཆ་རྒྱ་གར་གཞུང་ནས་འགྲུལ་བཞུད་གུ་ཡངས་བཏང་བར་འདི་ནས་གཞིས་མི་ ༣ ལ་འགྲུལ་བཞུད་མཐུན་འགྱུར་ཞུས་ཐུབ་པ་བྱུང་ཡོད། དབུས་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་རྐྱེན་པས་སྒོ་རྒྱག་བཀའ་རྒྱའི་ཛ་དྲག་དུས་སྐབས་འདིར་གཞིས་མི་ཉམ་ཐག་འཆད་འུ་ཐུག་དང། ཁ་ཚ་དགོས་གཏུག་རྣམས་ལ་བཟའ་བཅའི་རིགས་མཐུན་འགྱུར་ཞུ་ཆེད་རོགས་དངུལ་བཀའ་འཁྲོལ་བསྩལ་བ་ལྟར། གཞིས་མི་གྲངས་ ༡༠ ལ་སྒོར་ ༡༠,༠༠༠ འབབ་ཀྱི་བཟའ་བཅའ་རིགས་མཁོ་སྤྲོད་ཞུས་ཡོད། དབུས་ཤེས་རིག་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ཛ་དྲག་གནས་སྟངས་རྐྱེན་པས་ཉམ་ཐག་ཨང་ཐོབ་ཅན་ཕྲུ་གུའི་ཆེད་ཧིན་སྒོར་ ༥༠༠༠ རེ་གནང་བ་ལྟར་དོ་བདག་སོ་སོར་ཁུངས་འགྲེམས་ཞུས་ཡོད། དབུས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་ཕེབས་དགོངས་དོན། ས་གནས་ནང་ནད་ཡམས་སྔོན་འགོག་ཆེད་དུག་སེལ་ལས་གཞི་བདུན་རེའི་ནང་སྤེལ་དང་སྤེལ་མུས་ཡིན།
གཞན་ཡང་དབུས་འཕྲོད་བསྟེན་ལས་ཁུངས་ནས་གཞིས་མི་རང་ལོ་ ༦༥ ཡན་སོན་པ་རྣམས་ལ་ལུས་ཟུངས་གསོ་བྱེད་གསོལ་སྨན་རིན་མེད་ཐོག་ས་གནས་སྨན་རྩིས་ཁང་ནས་ཞུ་དགོས་ཕེབས་དོན་ལྟར། ཕྱི་ལོ ༢༠༢༠ ཟླ་ ༥ ཚེས་ ༢༩ ཉིན་ས་གནས་སྨན་རྩིས་ཁང་ནས་གཞིས་མི་རང་ལོ་ ༦༥ ཡན་སོན་པ་མི་གྲངས་ ༡༩ ལ་ལུས་ཟུངས་གསོ་བྱེད་གསོལ་སྨན་ཕུལ་ཐུབ་པ་བྱུང་ཡོད། ད་བར་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམས་འགོས་པའི་ནད་པ་གཅིག་ཀྱང་མེད་བཅས། །