༄༅། །བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་སླད། བྱང་ཨ་རི་ཁུལ་གྲི་བོད་མི་གཞོན་སྐྱེས་ཁྲོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱི་དང་། ལྷག་པར་བོད་མི་རྣམས་ལ་བསྐྱངས་པའི་རླབས་ཆེན་གྱི་མཛད་རྗེས་ “Legacy and contribution of His Holiness the Dalai Lama to the Tibetan people and the world.” ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་འགྲན་སྡུར་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་འདུག་པ་དང་། རྩོམ་ཡིག་ལེགས་གྲས་འདེམས་སྒྲུག་གིས་མཚན་དང་འདྲ་པར་བཅས་པ་བྱང་ཨ་རིའི་དོན་ཁང་གི་དྲ་ཚིགས་སུ་འགོད་སྤེལ་ཞུ་རྒྱུ་ཡིན་འདུག་པ་བཅས། །