ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༨ ཉིན་འཕྲོད་བསྟེན་ཁྱབ་ཁོངས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་སྨན་ཞབས་པ་དང་འཕྲོད་ལས་པ་སོགས་ལ་བརྙན་ཐུང་བརྒྱུད་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་ལས་དོན་གནང་ཕྱོགས་སོགས་གོང་མཐོར་གཏོང་ཆེད་སྦྱོང་བརྡར་གྱི་ལས་གཞི་འགོ་བཙུགས་ཡོད།
སྨན་པ་བསྟན་འཛིན་དབང་ཕྱུག་ལགས་དང་། སྐལ་བཟང་ཆོས་སྒྲོན་ལགས། སེམས་ཁམས་སློབ་གསོ་བ་ཚེ་རིང་དབྱངས་སྒྲོལ་ལགས། ཚེ་རིང་ལགས། བསྟན་འཛིན་སྒྲོལ་མ་ལགས། བསྟན་འཛིན་ལྷ་སྒྲོན་ལགས་བཅས་ནས་ཕྱི་ལུགས་སྨན་བཅོས་དང་། ཚ་བ་བརྟག་དཔྱད། ཏོག་དབྱིབས་གཉན་རིམས་སྐབས་འཕྲོད་ལས་པ་རྣམས་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་སྐོར་སྦྱོང་བརྡར་གནང་ཡོད། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ནས་བོད་ཀྱི་གསོ་བ་རིག་པའི་འཕྲོད་ལས་པ་རྣམས་ལའང་གཅིག་མཚུངས་སྦྱོང་བརྡར་གནང་གཏན་ཁེལ་འདུག་པ་བཅས།།