ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡ རེས་གཟའ་པ་སངས།
༄༅། །རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བརྡལ་འགྲོ་བཞིན་པའི་ཛ་དྲག་དུས་སྐབས་འདིར། བོད་མིའི་སྒྲིག་འཛུགས་ནས་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་ཟུར་བཙུགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ནད་ཡམས་འདི་ཉིད་སྔོན་འགོག་གི་ལས་འགུལ་ས་གནས་གཞུང་དང་ལྷན་ཚགས་ཚུད་ངང་སྤེལ་དང་སྤེལ་བཞིན་པར་རྒྱབ་སྐྱོར་མཚོན་བྱེད་དུ་དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་དཔལ་བཟང་པོ་མཆོག་གི་ལམ་སྟོན་དགོངས་བཞེད་བཞིན། ༸རྒྱལ་དབང་ཀརྨ་པ་མཆོག་གི་འཛིན་སྐྱོང་སྤྱི་ལས་ཁང་མཚུར་ཕུ་བླ་བྲང་ནས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཧིན་སྒོར་འབུམ་བཅུ་ཞལ་འདེབས་གནང་འདུག།