ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡ རེས་གཟའ་པ་སངས།
༄༅། །རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་རྒྱ་གར་རྒྱལ་ཡོངས་སུ་ཐེམ་སྤང་བཀའ་རྒྱ་བསྡམས་པར་བརྟེན་མི་མང་སྤྱི་དང་། ལྷག་པར་མི་མང་ཉམ་ཐག་ཁག་གཅིག་ལ་འཚོ་བའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། རྒྱ་གར་ན་ག་ལེནྡྲ་མངའ་སྡེའི་གྲོང་ཁྱེར་དིམཱཔུར་ཁུལ་གནས་སྡོད་བོད་མི་རྣམས་ནས་ས་གནས་རྫོང་དཔོན་ལས་ཁུངས་བརྒྱུད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ངལ་སེལ་ལས་གཞིར་ཧིན་སྒོར་ ༥༠༠༠༠ ཐམ་པ་ཞལ་འདེབས་སུ་གནང་འདུག་པ་བཅས། །