ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས།༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་དང་བསྟུན།
ནད་ཡམས་ཁྱབ་གདལ་ཆེ་ཆུང་ལ་གཞིགས་པའི་རྒྱ་གར་གཞུང་གིས་ཚོན་མདོག་དམར་ལྗང་སོགས་དབྱེ་མཚམས་ཕྱེ་ནས་དུག་སེལ་སྨན་རྫས་གཏོར་རྒྱུས་མཚོན་ཛ་དྲག་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་ཡོད། དེ་ཡང་བྷན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་དང་།
ལྡི་ལི་བོད་སྒར་བསམ་ཡས་གླིང་། དོན་གྲུབ་གླིང་གཞིས་ཆགས་ Clementown ཌལ་ཧོར་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སོགས་ཀྱི་ནང་དུག་སེལ་སྨན་རྫས་རྒྱ་ཁྱབ་གཏོར་ཡོད། དེ་ཡང་ས་ཁུལ་ཚོན་མདོག་དམར་པོའི་ནང་ཚུད་རིགས་ལ་ས་གནས་ཡོངས་རྫོགས་ལ་དུག་སེལ་སྨན་རྫས་གཏོར་བ་དང་། ཚོན་མདོག་ལི་ཁྲི་ཅན་གྱི་ས་ཁུལ་དུ་ལས་ཁུངས་དང་སྨན་ཁང་སོགས་ནང་སྨན་རྫས་གཏོར་ཡོད་པ་བཅས།།