ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༣༠ རེས་གཟའ་ཕུར་བུའི་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་བཞུགས་སྒར་ཐེན་ཆེན་ཆོས་གླི་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་བཙུགས་ནས་ལོ་ངོ་ ༢༠ འཁོར་བའི་དུས་དྲན་སྟབས་བདེ་ཞིག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྲིད་སྐྱོང་དབུ་བཞུགས་ཐོག་སྲུང་བརྩི་ཞུས་འདུག སྐབས་དེར་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གཙོས་ཚན་པའི་ལས་བྱེད་བཅས་ཚང་འཛོམས་ཐོག་རྟེན་འབྲེལ་མཚོན་བྱེད་མངར་ཟས་ Cake བགོ་འགྲེམས་གནང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། དེ་བཞིན་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ནས་གསུང་བཤད་གནང་རྗེས།
བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕྱི་དྲིལ་འགྲེམས་སྟོན་ཁང་དབུ་འཛུགས་གནང་ནས་ད་བར་ལོ་ངོ་ ༢༠ རིང་བོད་ཀྱི་འགྲེམས་སྟོན་ཁང་དུ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཞུས་ནས་མཛད་སྒོ་ལེགས་གྲུབ་བྱུང་འདུག་པ་བཅས།།