ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡ རེས་གཟའ་པ་སངས།
༄༅། །རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རྒྱ་གར་རྒྱལ་ཡོངས་ལ་ཕྱི་ཟླ་ ༥ ཚེས་ ༣ བར་ཐེམ་སྤང་བཀའ་རྒྱ་ཕར་འགྱང་གནང་ཡོད་པར་བརྟེན། རྒྱ་གར་ལྷོ་ཕྱོགས་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ཚེ་རིང་ཆོས་འཛོམས་ལགས་ཀྱིས་སྣེ་ཁྲིད་དེ་ས་གནས་བོད་མི་དགོས་ངེས་ཅན་རྣམས་ལ་བཟའ་བཅའི་རིགས་གནང་ཡོད་པ་བཅས།།