ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༦ དང་ ༡༧ བཅསརྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༨ ནས་ ༩.༣༠ བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱསབ་མགོན་ཆེན་པོ་མཆོག་གིས། དཔལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་། བཞི་པའི་སྟེང་ནས་བཀའ་འཁྲིད། དེའི་ཞར་ལ་གཉན་འཕྲང་ཅན་གྱི་དུས་འདིར་སྐབས་བབ་ཀྱི་ལམ་སྟོན་བཀའ་སློབ་ཡང་སྩལ་རྒྱུ།
སྤྱིར་ནད་ཡམས་གཏན་མེད་དུ་མ་ཞི་བར་དང་། ལྷག་པར་བཀའ་ཆོས་ཉིན་གཉིས་ཀྱི་རིང་ཚོགས་པ་དང་དགོན་སྡེ་ཆེ་ཆུང་སོགས་ཅི་འདྲ་ཞིག་ཡིན་རུང་། ཡོངས་གྲགས་ཀྱི་ནད་ཡམས་ཁྱབ་གདལ་སྔོན་འགོག་ལ་དམིགས་པའི་ལག་ལེན་སྤྱི་དང་། ཁྱད་པར་ཆོས་ཞུ་བ་རྣམས་ནས་ཕན་ཚུན་བར་ཐག་བཅད་དེ་འགྲོ་འདུག་གི་སྤྱོད་ལམ་བསྟེན་ཕྱོགས་སོགས་ས་གནས་སོ་སོར་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བར་བཀའ་ཆོས་གསན་གཟིགས་གནང་རོགས་ཞེས་ཞུ་རྒྱུ་ཡིན། འདིའི་ཐད་ལས་ཀྱི་སྣེ་མོར་གཏོགས་པ་ཐམས་ཅད་ནས་བཀའ་ཆོས་ཀྱི་ཆེད་ཐོག་མར་ཡར་འཛོམས་པའི་སྐབས་དང་། དངོས་གཞི་བཀའ་ཆོས་འཚོགས་པའི་སྐབས། དེ་བཞིན་མར་འགྲོལ་བའི་སྐབས་བཅས། མདོར་ན་ཐོག་མཐའ་བར་གསུམ་དུ་དོ་གལ་ཆེན་པོས་བཏང་འཛིན་ཆེས་ཆེར་གནང་རོགས་ཞེས་ནན་ཏན་དུ་ཞུ་རྒྱུ་ཡིན།
གནས་ཚུལ་གཉན་འཕྲང་ཅན་གྱི་སྐབས་འདིར་རང་གཞན་ཀུན་ནས་དོན་མེད་ཀྱི་གླེང་གཞི་མི་ཡོང་བ་དང་། ལྷག་པར་ནད་ཡམས་སྔོན་འགོག་གི་ལག་ལེན་རྣམས་ལ་ལྷོད་ཡངས་མི་ཡོང་བའི་ཐུགས་འགན་ཆེ་བཞེས་གནང་དགོས་ཞེས་ཀྱང་ཞུ་རྒྱུ་ཡིན།
གསུང་ཆོས་རིང་དྲ་ལམ་ཐད་གཏོང་བརྒྱུད་རྒྱ་སྐད། ཧིན་སྐད། ཝི་ཏི་ནམ། ར་ཤཱི་ཡའི་སྐད། སོག་སྐད། ཀོ་རི་ཡའི་སྐད། ཉི་ཧོང་སྐད། སི་པིན་ནེ་ཤེའི་སྐད། འཇར་མན་སྐད། ཕོར་ཅི་གྷད་ཀྱི་སྐད། ཧྥ་རན་སིའི་སྐད། ཨི་ཏྲ་ལི་ཡི་སྐད་བཅས་སུ་གསུང་བསྒྱུར་གྱིས་འབྲེལ་ཡོད་དྲ་ལམ་སོ་སོ་ནས་གསན་གཟིགས་ཐུབ།
རྒྱ་གར་གྱི་དུས་ཚོད།
ཟླ་ ༥ པའི་ཚེས་ ༡༦ ཉིན་གྱི་སྔ་དྲོ། ༨།༠༠ ནས་ ༩།༣༠
ཟླ་ ༥ པའི་ཚེས་ ༡༧ ཉིན་གྱི་སྔ་དྲོ། ༨།༠༠ ནས་ ༩།༣༠
དབུ་མ་རིན་ཆེན་ཕྲེང་བའི་་ཕྱག་དཔེ་ཕབ་ལེན་བྱེད་ས། http://media.dalailama.com/…/Nagarjuna-Precious-Garland-TIB…
མཆན། གསུང་ཆོས་ལ་གསན་གཟིགས་གནང་མཁན་རྣམས་ཀྱིས་རང་རང་གནས་ཡུལ་རྒྱལ་ཁབ་ཀྱི་ཆུ་ཚོད་གང་དུ་འཁེལ་ཡོད་མེད་གཤམ་གྱི་དྲ་བ་ནས་ཐུགས་ཞིབ་གནང་རོགས། https://www.timeanddate.com/worldclock/converter.html
བོད་ཡིག་དྲ་བའི་ཐད་གཏོང་དྲ་ཐག http://www.gyalwarinpoche.com/node/422